མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

མཚོ་སྔོན་ཞིང་ཆེན་གྱི2019ལོའི་དབུལ་ཐར་འགག་སྒྲོལ་གྱི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།

ཡོས་བུ།  2020-09-29 10:00:17  རང་རེའི་ཚགས་པར།

མཚོ་སྔོན་ཞིང་ཆེན་གྱི2019ལོའི་དབུལ་ཐར་འགག་སྒྲོལ་གྱི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།

ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི2019ལོའི་དབུལ་ཐར་འགག་སྒྲོལ་གྱི་གཟེངས་བསྟོད་ཚོགས་ཆེན་བསྡུས་ཤིང་། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། གྲུབ་འབྲས་སྤྱི་སྡོམ་དང་ཉམས་མྱོང་བརྗེ་རེས། སྔོན་ཐོན་ལ་གཟེངས་བསྟོད་བཅས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཀྱང་ཚོགས་ཐོག་ཏུ་གཏམ་བཤད།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས《2019ལོའི་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་ཁུངས། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཏན་འབེབས》སྒྲོག་འདོན་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་འཐུས་མི་ལྔ་ཡིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་ལས་ཁུངས། མི་སྒེར་བཅས་ལ་རྟེན་འབྲེལ་ཞུས་པར་མ་ཟད། དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་བློ་མཐུན་ཡོངས་ལ་འཚམས་འདྲི་བྱས་ནས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་རྒྱུ་ནི། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། ང་ཚོའི་ཏང་གིས་བཞག་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་བསམ་བློ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། དབུལ་ཐར་འགག་སྒྲོལ་ཐད་བླངས་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏང་དགོས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རློམ་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་དེ་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་བྱེ་བྲག་གི་བྱ་སྤྱོད་དང་ལས་ཀའི་ཕན་འབྲས་ཐོག་དོན་འཁྱོལ་བྱས་ཏེ། དབུལ་ཐར་འགག་སྒྲོལ་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས་ཟེར། ཁོས་མུ་མཐུད་དུ་ནན་གྱིས་བསྟན་དོན། གཟེངས་བསྟོད་ནི་བྱས་རྗེས་ཅན་ལ་གཟེངས་བསྟོད་དང་སྐུལ་ལྕག་གཏོང་བ་ཞིག་ཡིན། དབུལ་ཐར་འགག་སྒྲོལ་འདི་ཉིད་མཇུག་བསྡུའི་གནད་འགག་དུས་སུ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྔར་བཞིན་འབད་བརྩོན་ལྷོད་མེད་བྱ་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དམངས་ཚིས་ལས་དོན་ཨང་དང་པོར་བརྩིས་ཏེ། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་རྒྱུན་འཁྱོངས་བྱེད་པ་དང་། མཐོ་ས་ནས་སྐུལ་འདེད་དང་གང་ཐུབ་ཅི་ཐུབ་ཀྱིས་དམག་འཐབ་བྱེད་པ། གཅིག་བསྡུས་ཀྱིས་འགག་སྒྲོལ་བཅས་བྱས་ནས། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་ཡོད་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཞའོ་དང་ཐིན་ཅ་ཚའེ། ཝང་ཡུས་ཡན། དབྱིན་པེ། ཝང་ཞིའུ་ཧྥིན།  ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན།  ཝུའུ་ཧའེ་ཁུན། ཏུའུ་ཏི་ཀྲི་བཅས་ཚོགས་འདུར་ཞུགས།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།