མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་མཉམ་འབྲེལ་ཚོགས་འདུ་འཚོགས།

  2020-09-25 09:58:49  མཚོ་སྔོན་གསར་འགྱུར་དྲ་བ།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་མཉམ་འབྲེལ་ཚོགས་འདུ་འཚོགས།

 ཟླ9པའི་ཚེས་22ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བར་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རློམ་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ་བཅས་ནན་བཤད་བྱས་ཡོད། ངོས་འཛིན་གསལ་པོ་དང་། སྤྱོད་ཚུལ་ཏན་ཏིག བྱ་སྤྱོད་ཡང་དག་བཅས་ལ་བརྟེན་ནས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་སྒོ་ནས་དུས་རབས་གསར་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བར་སྐུལ་འདེད་གཏང་དགོས་ཟེར།

ཡུས་ཚུང་ལེ་ཡིས་ཏང་ནང་གི་ཁྲིམས་སྲོལ་ནི་ཏང་དོ་དམ་དང་ཏང་སྐྱོང་བའི་གཞི་འཛིན་ས་གཙོ་བོ་ཡིན། ཏང་གི་མགོ་ཁྲིད་བྱེད་སྒོ་ལག་བསྟར་བྱེད་པའི་སྲུང་བྱ་གལ་ཆེན་ཡིན་ལ། ཏང་གིས་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་བྱེད་པ་དང་འབྲེལ་བ་ཡོད། ཏང་ནང་གི་ཁྲིམས་སྲོལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་ནི“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་བླང་བྱ་བཟློག་མེད་ཡིན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕུགས་ཀྱི་ཐབས་ཇུས་ཡིན་ལ། བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་བྱེད་ནུས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཡང་ཡིན། ངེས་པར་ཚད་གཞི་མཐོ་རུ་བཏང་ནས་ངོས་འཛིན་གྱི་མཐོ་ཚད་ཐོག་ནས་ལག་ལེན་ཐོག་གི་རང་རྟོགས་ལ་སྐུལ་འདེད་གཏོང་དགོས་པ་བསྟན།

ཡུས་ཚུང་ལེ་ཡིས། ཏང་ནང་གི་ཁྲིམས་སྲོལ་བརྩི་སྲུང་དང་ལག་བསྟར་བྱེད་པ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཡི་ཆབ་སྲིད་ཀྱི་བླང་བྱ་ཡིན་ལ། རྨང་གཞིའི་གཞི་རྩའི་བྱ་བ་ཞིག་ཀྱང་ཡིན། ངེས་པར་ཏང་ནང་གི་ཁྲིམས་སྲོལ་བྱ་བའི་རྨང་གཞིའི་གོ་རིམ་དང་གཙོ་གནད་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བྱ་དགོས། སྒྲིག་ལམ་ནན་པོ་བཟོས་ནས་ཏང་ནང་གི་ཁྲིམས་སྲོལ་བཟོ་བའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏང་དགོས་པ། རང་རྟོགས་ངང་སྒྲིག་སྲོལ་སློབ་སྦྱོང་བྱས་ཏེ་སེམས་ནང་གདེང་ཚོད་ཡོད་པ་དང་སེམས་སུ་འགན་འཁྲི་ཡོད་པ་བྱ་དགོས་ལ། སྒྲིག་སྲོལ་དྲིལ་སྒྲོག་གཏིང་ཟབ་བྱས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཤེས་རྟོགས་ཐུབ་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏང་དགོས།  འགན་འཁྲི་ནན་དུ་གཏོང་བ་དང་། ལྟ་སྐུལ་དཔྱད་བསྡུར་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས། སླེབས་སྲིད་པའི་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞིར་བཟུང་ནས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། ལས་དོན་སྤེལ་བ་བཅས་ལ་འགན་ལེན་བྱ་དགོས།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།