ཝང་ལིས་མེན་གྱིས་མུ་རིའི་གཏེར་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས་པ།
ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་མུ་རིའི་གཏེར་ཁུལ་གྱི་སྤྱང་ཚང་གཏེར་ཁུལ་དང་གྲོག་རྒན་གཏེར་ཁུལ་དུ་བསྐྱོད་དེ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་། དེ་ཡང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། བྱ་བའི་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བ་ཡག་པོ་བསྒྲུབ་དགོས་ཞེས་བསྟན།
ཝང་ལིས་མེན་གྱིས་སྔ་རྗེས་སུ་སྤྱང་ཚང་གཏེར་ཁུལ་གྱི་གཏེར་ཁུང2པ་དང4པ། གྲོག་རྒན་གྱི་གཏེར་ཁུང3པ་དང7པ་བཅས་སུ་བསྐྱོད་དེ། ཡུལ་དངོས་སུ་གཏེར་ཁུལ་གྱི་ས་དོང་དང་རི་སྙིགས་ལ་གཟིགས་ཞིབ་གནང་། གཏེར་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་བྱ་བའི་འཆར་གཞིར་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་། ཁོས་ནན་བཤད་གནང་དོན། ཁེ་ལས་དང་། འབྲེལ་ཡོད་ས་ཁུལ། སྡེ་ཁག་བཅས་ཀྱིས་ངེས་པར་དུ་ཆབ་སྲིད་ལ་དང་དོད་དང་། ཁྱོན་ཡོངས་ལ་ལྟ་རྟོག སྐྱེ་ཁམས་བདེ་འཇགས་ཀྱི་གཞི་ཐིག་བརྟན་སྲུང་བཅས་བྱས་ཏེྱ། གནད་དོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་ལ། བསམ་བློ་དང་ལག་ལེན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་ཕྲག་ཏུ་བཀལ་ཏེ། མུ་རིའི་གཏེར་ཁུལ་གྱི་ཁེ་ལས་རྩད་ཞིབ་གསར་སྤེལ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་མཐའ་དག་ཕྱོགས་ཡོངས་ནས་མཚམས་འཇོག་དང་། བཅའ་ཁྲིམས་དང་། སྲིད་འཛིན། ཚོང་ར་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱ་དགོས་ལ། ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་དང་ཁྲོན་པ་གཅིག་ལ་ཐབས་ཇུས་གཅིག་གིས་བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། བྱ་བའི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ེདུས་བཀག་ལྟར་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་སྲུང་བྱ་དགོས་ཞེས་བསྟན།