མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཝང་ཀྲིན་ཧྲེང་གིས་ཆེད་དོན་ཚོགས་འདུར་འགོ་འཛིན་མཛད་ཅིང་ཀྲའོ་ཁེ་ཀྲི་ཡི་མཚོ་སྔོན་རྟོག་ཞིབ་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གནང་སྐབས་ཡུན་རིང་བདེ་འགོད་ལ་དམིགས་མཐོང་དང་འགན་འཁྲི་བརྟན་སྲུང་བྱ་དགོས་པ་ནན་གྱིས་བསྟན།

  2020-09-24 18:44:53  མཚོ་སྔོན་གསར་འགྱུར་དྲ་བ།

ཝང་ཀྲིན་ཧྲེང་གིས་ཆེད་དོན་ཚོགས་འདུར་འགོ་འཛིན་མཛད་ཅིང་ཀྲའོ་ཁེ་ཀྲི་ཡི་མཚོ་སྔོན་རྟོག་ཞིབ་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གནང་སྐབས་ཡུན་རིང་བདེ་འགོད་ལ་དམིགས་མཐོང་དང་འགན་འཁྲི་བརྟན་སྲུང་བྱ་དགོས་པ་ནན་གྱིས་བསྟན།

ཟླ9པའི་ཚེས22ཉིན། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིང་གི་ཐིན་ཀྲང་ཝང་ཀྲིན་ཧྲེང་གིས་ཆེད་དོན་ཚོགས་འདུ་མགོ་འཛིན་མཛད་ཅིང་རྒྱལ་དོན་ཨུ་ཡོན་དང་། སྤྱི་བདེ་པུའི་ཏང་ཨུའི་ཧྲུའུ་ཅི། པུའུ་ཀྲང་ཀྲའོ་ཁེ་ཀྲི་འཁོར་དང་བཅས་པས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་གནང་བ་རེད། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།

ཝང་ཀྲིན་ཧྲེང་གིས་བརྗོད་དོན། བློ་མཐུན་ཀྲའོ་ཁེ་ཀྲི་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕྱིན་ཏེ། ཆབ་སྲིད་རང་བཞིན་ དང་། འཐབ་ཇུས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ལྡན་པ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏང་བའི་མཐོ་ཚད་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། བོད་དང་འབྲེལ་བ་ཡོད་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་བ་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུའི་ཐད་ཞིབ་ཕྲའི་མཛུབ་ཁྲིད་གནང་བ་རེད། སྤྱི་བདེ་པུའུ་ཏང་ཨུ་ཡིས་བོད་འབྲེལ་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་མཚོ་སྔོན་གྱི་སྤྱི་བདེའི་བྱ་བ་དང་དཔུང་ཁག་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་ཡོད།

ཝང་ཀྲིན་ཧྲེང་གིས་ནན་བཤད་གནང་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བློ་མཐུན་ཀྲའོ་ཁེ་ཀྲིའི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ། ཀྲུང་དབྱང་གི་བོད་ཀྱི་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། སློབ་གསོ་དག་ཐེར་ལ་སྐུལ་འདེད་གཏིང་ཟབ་གཏང་རྒྱུ། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། ཇུས་འགོད་གཏིང་ཟབ་དང་བདེན་པ་བདེན་ཐུབ་བྱེད་པ། བློ་དཀར་སེམས་དཀར་མི་དམངས་ཀྱི་ཁྲག་རྒྱུན་ཁྲོད་འཇུག་པ། གཞུང་དྲང་སེམས་ནང་འཇོག་པ། སྒྲིག་ཁྲིམས་རྐང་མར་ནང་འཇུག་པ་བཅས་མཐའ་གཅིག་ཏུ་བྱས་ནས“ལྕགས་ལྟ་བུའི་ལྕགས་བཞིའི”མཚོ་སྔོན་སྤྱི་བདེ་ལྕགས་དམག་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་དང་འབྲེལ་བ་ཡོད་པའི་བརྟན་ལྷིང་སྲུང་སྐྱོང་བྱ་བའི་གཞི་འཛིན་ས་དང་འགོ་འཛུགས་ས་དང་དོན་ལ་འབབ་སར་སྟངས་འཛིན་ནན་པོ་བྱེད་དགོས། བོད་བརྟན་གྱི་ལས་ཀའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་ནུས་ལྡན་སྔར་བས་མཐོ་རུ་བཏང་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས། ཡུན་རིང་བདེ་འགོད་དང་གཞི་ཐིག་གི་བསམ་གཞིགས་ཇེ་དྲག་ཏུ་གཏང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་གཏང་བ་དང་འགན་འཁྲི་བརྟན་སྲུང་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱུན་མཐུད་བདེ་འཇགས་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།