མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཀྲའོ་ཁེ་ཀྲི་ཡིས་ཀན་སུའུ་དང་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས་པ།

  2020-09-22 16:33:31  མཚོ་སྔོན་གསར་འགྱུར་དྲ་བ།

ཀྲའོ་ཁེ་ཀྲི་ཡིས་ཀན་སུའུ་དང་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས་པ།

 ཟླ9པའི་ཚེས21ཉིན། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁེ་ཀྲི་ཡིས་ཀན་སུའུ་དང་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འདུ་ཤེས་བཞིསྔར་ལས་ཇེ་བརྟན་དུ་གཏོང་བ་དངཡིད་རྟོན་བཞིསྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོང་བྱེད་དགོས་པ་གཉིསབཟང་པོར་བསྒྲུབ་ཐུབ་པ་བཅས་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རིག་པ་གསལ་ཟབ་མྱུར་གསུམ་རྒྱུན་འཁྱོངས་དང་ཚད་མཐོའི་བསམ་བློ་སྔར་ལས་གཏིང་ཟབ་ཏུ་བཏང་ནས་འགན་འཁྲི་འཁུར་ཕོད་པ་བྱ་དགོས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་འཇགས་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་དོན་ལྡན་བྱ་དགོས་པར་མ་ཟད། ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས་ཟེར།

རྟོག་ཞིབ་བྱེད་དུས་ཀྲའོ་ཁེ་ཀྲི་སྔ་ཕྱིར་གཞི་རིམ་སྤྱི་བདེའི་ལས་ཁུངས་དང་སྡོད་དམངས་ཀྱི་གཞིས་ཁུལ། ཆོས་ལུགས་སྤེལ་ས་བཅས་སུ་ཕྱིན་ནས་རྟོག་ཞིབ་བྱས་པར་མ་ཟད། མཐོ་སྒང་ཡུལ་དུ་འཐབ་འཛིང་བྱེད་མཁན་གྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ལས་རོགས་ཉེན་རྟོག་པར་འཚམས་འདྲི་བྱས་ནས་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས་ལ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་དམིགས་འཛུགས་ས་དང་ཤུགས་རྒྱག་སར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས་སྤྱི་ཚོགས་བརྟན་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱ་དགོས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས། རྨོངས་ཚོད་ཀྱི་སྤྲོ་སྣང་བསམ་བློ་དང་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས།  རྙོག་འཛིང་ཆེ་བའི་འཐབ་རྩོད་ལ་ཁ་གཏོད་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ལེགས་པོ་བྱ་དགོས་ལ། ཉེན་ཁ་དང་འགྲན་སློང་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་མཐའ་གཅིག་ཏུ་བྱ་དགོས། ཕུགས་ཀྱི་ཐབས་ཇུས་མང་ཙམ་འདོན་པ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་འཇགས་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཁག་དམ་འཛིན་ནན་མོ་བྱས་ཏེ། གསང་འཕྲིན་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་དགོས། ཐག་གཅོད་ལས་ཀའི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་འཕྲལ་བསྟུན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས། ཐོག་མཐའ་བར་གསུམ་དུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆར་གོ་བ་ཡང་དག་ལེན་དགོས། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏང་དགོས། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་དང་ལྷག་པར་དུ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཏང་ཨུའི་མགོ་ཁྲིད་དང་སྡེ་ཁག་སོ་སོས་ཁག་ཁུར་མཉམ་ལེན་དང་ལས་དོན་སྤྱི་སྒྲུབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ཤིག་ཆགས་གང་ཐུབ་བྱ་དགོས་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།