ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དོན་འཁྱོལ་ཐད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མིན། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ཀའོ་པོ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་རིམ་པ་དང་པོའི་སྐོར་གཟིགས་པ་མཱ་ཝུན་པེའོ་སོགས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི6གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གཞུང་དོན་ཐིང་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་། བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་། ཧི་ནན་རྫོང་གཡུ་རྒན་ཉིན་གྲོང་རྡལ་ཧོ་རི་ཧེང་གྲོང་ཚོར་ཆེད་དོན་སྙན་ཞུ་བྱས་པ་རེད།
སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གཏམ་བཤད་གལ་ཆེན་དང་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་བྱས་ནས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསམ་འཆར》གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས》གཞི་རྩའི་གཞི་འཛིན་སར་བྱས་ཏེ། ཕྱོགས་ཡོངས་དང་གནད་ལ་འཁེལ་བ། གཏིང་ཟབ་བཅས་ཀྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།
སྙན་སྒྲོན་ལ་ཉན་མཁན་ཏང་ཡོན་ལས་བྱེད་པས་མགྲིན་གཅིག་ཏུ་ངོས་འཛིན་བྱེད་དོན། སྒྲོག་བཤད་ཀྱི་གཙོ་གནད་འབུར་དུ་ཐོན་ཞིང་ནང་དོན་ཕུན་སུམ་ཚོགས་པས། བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ཤུགས་དྲག་ལྡན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱེད་པར་སློབ་སྟོན་གྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། ཞིང་ཆེན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དགོངས་དོན་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་པ། ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་གོ་བ་ལེན་ཚད་ཟབ་ཏུ་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བློ་རྩེ་གཅིག་སྒྲིམ་དང་བྱ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ལག་ལེན་ཁྲོད་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་དང་། དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་གཏན་འཁེལ་བའི་འགན་ནུས་སྒྲུབ་པ། དམངས་འཐུས་ཚོགས་ཆེན་གྱིས་བྱས་རྗེས་ཧུར་ཐག་འབུལ་བ་བཅས་བྱས་ཡོད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཡོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། སླད་ཕྱིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། མུ་མཐུད་དུ་ཞན་ཆ་གསབ་པ་དང་མི་འདང་སར་ཤུགས་སྣོན་པ། སྔར་ལས་ཞིབ་ཚགས་ཀྱི་བྱ་བའི་བྱེད་ཐབས་དང་། སྔར་ལས་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ། སྔར་ལས་ལས་ཆོད་ཆེ་བའི་ལས་ཀར་བརྩོན་པ་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟེ་བའི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། མཚོ་སྔོན་གྱི“སྐྱེ་ཁམས་སྒྲིབ་ཡོལ”གྱི་མིང་བྱང་ཕྱིས་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།