མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱས་ཏེ། མཚོ་སྔོན་གྱི་མ་འོངས་པར་འཆར་གཞི་འགོད་དགོས། ཟླ9པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་ལན་ཏི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་ཆེད་མཁས་པའི་བློ་འདྲིའི་ཚོགས་འདུ་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བདུན་པ་ཟི་ལིང་དུ་འཚོགས་པ་རེད།
“ཆ་འཕྲིན་དྲ་བ་དང་གྲངས་འཛིན་ཅན་དུ་བསྒྱུར་བ”ཞེས་པའི་ཆེད་དོན་ཞིབ་གྲོས་ཚོགས་འདུ་འཚོགས། ཁེ་ལས་ཀྱིས་ཆ་འཕྲིན་དྲ་རྒྱ་སྤྱད་དེ་དོ་དམ་མཐོར་འདེགས་དང་གཞི་གྲངས་ཕྱོགས་སྒྱུར་ལ་བརྟེན་ནས་ལས་སྒོའི་རྣམ་པ་དང་། ཚོང་ལས་ཀྱི་རྣམ་པ། དོ་དམ་གྱི་རྣམ་པ། རྩ་འཛུགས་ཀྱི་རྣམ་པ་བཅས་བསྐྱར་སྒྲིག་དང་། ལེགས་སྒྲིག སྒྱུར་བཅོས་བཅས་མངོན་འགྱུར་བྱ་རྒྱུར་གྲོས་སྡུར་བྱས་པ་རེད། “ནུས་ཁུངས་དང་། རྒྱུ་ཆ། གསར་དར་ཐོན་ལས་ཁྱུ་ཚོགས”ཀྱི་ཆེད་དོན་ཞིབ་གྲོས་ཚོགས་འདུའི་ཐོག་རང་ཞིང་གིས་ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ་སོགས་གཙོ་རྟེན་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བྱེད་པར་སྐུལ་འདེད་གཏང་བར་དཔྱད་བསྡུར་བྱས། མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་དགོས།
“འཕྲུལ་ཤེས་ཞིང་ལས་ཐོན་ལས་སྦྲེལ་ཐག་དང་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས”ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཐོག་མི་ཐབས་རིག་ནུས་དང་། ཟོག་སྦྲེལ་དྲ་རྒྱ། གཞི་གྲངས་ཆེན་པོ་བཅས་རང་ཞིང་གི་ཞིང་ལས་ཁྲོད་ཀྱི་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྔར་ལས་སྐུལ་འདེད་གཏང་རྒྱུར་དམིགས་ཡོད། གསར་དར་ལག་རྩལ་དང་ཞིང་ལས་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་བགྲོ་གླེང་བྱེད་པ། “གཙང་གསུམ་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས”ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཐོག སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྤེལ་རེས་ཀྱི་ལས་སྟེགས་གཏོད་རྒྱུར་གཙོ་གནད་ཐོག་དམིགས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལག་ལེན་དང་ཕན་འབྲས་སོགས་འབྲེལ་ཡོད་གནད་དོན་ཐད་ནས་བགྲོ་གླེང་བྱས།
“སྐྱེ་དངོས་སྨན་རྫས་ཐོན་ལས་དང་མི་རིགས་སྨན་རྫས་སྤུས་རྟགས”ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཐོག ཚོགས་ཞུགས་སྐུ་མགྲོན་གྱིས་མཚོ་སྔོན་གྱི་མི་རིགས་གསོ་རིག་རིག་གནས་སྤུས་རྟགས་གཏོད་རྒྱུར་དམིགས་ནས་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་ཡོད། ཞིང་ཆེན་ཕྱི་ནང་གི་མི་རིགས་གསོ་རིག་དང་སྨན་རྫས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་མི་རིགས་གསོ་རིག་དང་སྨན་རྫས“ཕྱི་རུ་བསྐྱོད་པར”ཆ་རྐྱེན་བཟང་པོ་བསྐྲུན་དགོས། མཚོ་སྔོན་གྱི་དེང་རབས་སྐྱེ་དངོས་སྨན་རྫས་དང་སྲོལ་རྒྱུན་མི་རིགས་གསོ་རིག་སྨན་རྫས་ཀྱི་སྤུས་རྟགས་ཕན་ཚུན་མཉམ་འདྲེས་བྱེད་རྒྱ་ཇེ་ཆེ་དང་ཟེ་ཟབ་ཏུ་བཏང་ནས་བགྲོ་གླེང་བྱས་པ་རེད། “རིག་གནས་དང་ཡུལ་སྐོར་སྤྲོ་གསེང་ཐོན་ལས”ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཐོག་གཙོ་བོ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་དང་ཐོན་རྫས་ཞབས་ཕྱི་གསར་གཏོད་བྱ་རྒྱུ་ཤུགས་རྒྱག་སར་བྱ་རྒྱུར་དོ་ཁུར་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ལས་དོན་གྱི་ཁྱབ་ཁོངས་ཁག་དང་། ཕྱོགས་མང་ཅན། འབྲེལ་ཐག་ཧྲིལ་པོ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་དགོས་ལ། ཐོན་ཁུངས་མཉམ་སྤྱོད་དང་བཟང་ཆ་གསབ་རེས་ཡོང་བར་བྱས་ཏེ། “ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པ་རེད། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མཉམ་ལས་རྒྱུ་རྐྱེན་གཙོ་བོའི་བར་སྟོང་བརྗེ་སྒྱུར་བྱེད་པར་སྐུལ་འདེད་གཏང་བ་དང་། ཟི་ལིང་ནས་མཚོ་ཤར་བར་གྱི་གྲོང་ཁྱེར་སྡེ་ཤོག་སྐྱེད་སྲིང་བྱེད་པར་ཤུགས་རྒྱག་པ་དང་། གྲོང་ཁྱེར་སྡེ་ཤོག་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་རྣམ་པ་གསར་པ་ཆགས་པ་སོགས་ཀྱི་ནང་དོན་ཚུད་ཡོད།