མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ནག་འཇོམས་ངན་སེལ་སྐབས་སུ་རང་ཞིང་གི“གཙང་བཤེར་དྲུག”ལས་འགུལ་ལ་ཐོག་མའི་ནུས་པ་ཐོན་ཞིང་ནག་ཚོགས་དང་འབྲེལ་བའི་ཚོགས་པ125ལ་ཞིབ་བཤེར་ཐག་གཅོད་བྱས་པ།

  2020-09-21 16:01:44  མཚོ་སྔོན་གསར་འགྱུར་དྲ་བ།


  ཟླ9པའི་ཚེས17ཉིན། གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཡོངས་ཀྱི་ནག་འཇོམས་ངན་སེལ་ལས“གཙང་བཤེར་དྲུག”གི་ལས་འགུལ་ལ་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུའི་གཅིག་གྱུར་བཀོད་སྒྲིག་ལྟར། “གཙང་བཤེར་དྲུག”གི་ལས་འགུལ་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དུས་རིམ་གྱི་གྲུབ་འབྲས་ཐོབ། ད་ལྟའི་བར་དུ། དམིགས་འབེན་གྱི་ཁུངས་སྣེ་ཡོངས་རྫོགས“གཙང་བཤེར”དང་། དམིགས་འབེན་གྱི་གྱོད་གཞི་ཡོངས་རྫོགས“གཙང་བཤེར”བྱས་ཏེ། ནག་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ཚོགས་པ་ཁྱོན་བསྡོམས125མྱུལ་ཞིབ་ཐག་གཅོད་དང་། ཉེས་དོན་གྱོད་གཞི1301རྩད་ཆོད་བྱུང་།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་མགོ་ཁྲིད་ཚོ་ཆུང་གི་མགོ་ཁྲིད་སྟོབས་ལྡན་དང་། བཀོད་སྒྲིག་ཞིབ་ཚགས། སྐུལ་འདེད་ཤུགས་ཆེན་བཅས་ཀྱི་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཚབས་ཆེན་གྱི་སྒོ་བྱང་བཀལ་ནས་སྐུལ་སྒྲུབ་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཤིང་། ཆ་འཕྲིན་གྱིས་གནད་འཁེལ་རྡུང་རྡེག་དང་མཉམ་འདྲེས་དམག་འཐབ་ལ་སྣེ་ཁྲིད་བྱ་རྒྱུ་དུས་གཅིག་ཏུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྱོད་འབྲེལ་མི་སྣ་འཛིན་བཟུང་བྱ་རྒྱུ་དང་གྱོད་འབྲེལ་རྒྱུ་ནོར་གཙང་བཤེར་བྱ་རྒྱུ་དུས་གཅིག་ཏུ་སྤེལ་བ་དང་ཉེས་གསོག་ཁུངས་སྣེ་སྔོག་འདོན་གཏིང་ཟབ་དང་ཁེ་ཕན་གྱི་སྦྲེལ་ཐག་སྔོག་འདོན་གཏིང་ཟབ་བྱས་ནས་མཉམ་དུ་ཤུགས་རྒྱག་དགོས། དུས་མཚུངས་སུ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་། གྲོང་གསེབ་བཅོས་སྐྱོང་། དངུལ་རྩ་ནས་དངུལ་བུན་གཏང་བ། ཨར་ལས་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་རའི་འཁོར་རྒྱུག ཐོན་ཁུངས་ཁོར་ཡུག ཆ་འཕྲིན་དྲ་རྒྱ། རིག་གནས་ཡུལ་སྐོར་སོགས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་འགན་འཁྲི་ནན་དུ་བསྒྲུབ་དགོས་ལ། མཐུན་སྦྱོར་མཉམ་འགུལ་དང་ལྟ་སྐུལ་མཛུབ་ཁྲིད་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཟང་ཟིང་ཆེ་བའི་སྣང་ཚུལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ་ནག་ཚོགས་སྟོབས་ཤུགས་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། རང་ཞིང་གི་སྤྱི་ཚོགས་བདེ་འཇགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བདེ་འཇགས་བརྟན་འཇགས་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས་པ་བསྟན།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།