མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

རང་རེའི་ཞིང་ཆེན་གྱིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  2020-09-11 10:10:23  སྲིད་གཞུང་དྲ་བ།

ཟླ9པའི་ཚེས8ཉིན་ནས་ཚེས9ཉིན་བར།རང་ཞིང་གིས་གཉེར་བའི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་སློབ་མགོ་ཚུགས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་དུས་རབས་གསར་པའི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་སྤྱི་འདོམས་འཆར་འགོད་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་རེད། དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་དེ། ང་ཚོས་བོད་འབྲེལ་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་ཡུན་རིང་བོར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་བཤད་གནང་དོན། ཞིང་ཆེན་ཨུ་ལྷན་གྱིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་འཕྲལ་མར་སློབ་སྦྱོང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། བརྒྱུད་སྒྲོག་སློབ་སྦྱོང་དང་། དོན་འཁྱོལ་བཀོད་སྒྲིག བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་གསུམ་ཐད་ཀྱི་ལག་བསྟར་བསམ་འཆར་བཏོན། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་ནི། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། “ངེས་པར་བསྒྲུབ་དགོས་པ་བཅུ”ནང་དོན་གཙོ་བོར་བྱས་པའི་དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་ཀྱི་ནང་དོན་ཟབ་མོར་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་། དུས་རིམ་རང་བཞིན་གྱི་ཁྱད་ཆོས། གཞི་རྩའི་བླང་བྱ། འཕེལ་རྒྱས་ཀྱི་ནང་དོན། ལས་ཀའི་གཙོ་གནད། དུས་རབས་ཀྱི་ཁ་ཕྱོགས། སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་གལ་ཆེན་ཨང་དང་པོ་བཅས་ཁོང་དུ་ཡང་དག་ཆུད་པར་བྱ་དགོས། དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་བོད་འབྲེལ་ལས་དོན་ལ་གཅིག་འདོམས་བྱེད་པ། ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་དང་གནས་འཕྲིན་སྤེལ་བར་མཐོང་ཆེན་དང་། མང་ཚོགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་གཟོའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་བོད་སྐྱོང་བོད་དར་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཟེར།

ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་བོད་འབྲེལ་ལས་དོན་གྱི་འགན་འཁུར་བློ་མཐུན140ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།


 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།