སྤྱི་ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། དགེ་རྒན་དུས་ཆེན་སྐབས་སོ་དྲུག་པ་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་སོ་སོར་ཟི་ལིང་གི་དགེ་རྒན་རྣམས་ལ་འཚམས་འདྲི་བྱེད་པར་ཕྱིན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ལ་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཞུས་པ་རེད།
ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་བཞི་བ་རུ་ཕྱིན་ནས། སློབ་གྲྭའི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན་པ་དང། སློབ་གྲྭའི་བཀོད་པ་དང་སློབ་ཁྲིད་ཁོར་ཡུག་ལ་ལྟ་ཞིབ་བྱས་ལ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པར་མ་ཟད། དགེ་རྒན་གྱི་འཐུས་ཚབ་པ་དང་གླེང་མོལ་བྱས་ནས། ཁོ་ཚོས་རིམས་ནད་འགོག་བཅོས་སྐབས་སུ་ལས་རྐང་བརྟན་སྲུང་དང་བྱ་བར་འབད་འཐབ་བྱས་པར་བཀའ་དྲིན་ཞུས། ཝང་ཅན་ཅུན་གྱིས་བསྟན་དོན། ཏང་དང་སྲིད་གཞུང་གིས་དུས་ཡུན་རིང་པོར་སློབ་གསོའི་བྱ་བ་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན། ཁྱོན་ཡོངས་འཕེལ་རྒྱས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་སློབ་གསོའི་བྱ་བའི་ཐད་ནས་གཏམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན། ད་ལོའི་དགེ་རྒན་དུས་ཆེན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ལ་ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཏང་གི་ཆེད་དུ་མི་སྐྱེད་སྲིང་བྱེད་པ། རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་རེ་བ་བཏོན། དུས་རབས་གསར་པའི་མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་འགུལ་སྐྱོད་དངོས་ཀྱི་ཁྲོད་ལག་བསྟར་བྱེད་པ་དང་། ནམ་ཡང“ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ”ནི་ངེས་པར་ལན་འདེབས་དགོས་པའི་འདྲི་གཞི་ཞིག་ཡིན། ཏང་གི་སློབ་གསོའི་ལས་དོན་ཐད་བློ་དཀར་དགོས་ཏེ། ཏང་གི་སློབ་གསོའི་ལས་དོན་ལ་བློ་དཀར་བ་བྱས་ན་ད་གཟོད་ཚད་ལྡན་གྱི་དགེ་རྒན་ཞིག་ཏུ་བརྩིས་ཆོག རང་ཉིད་ཇེ་ལེགས་སུ་གཏོང་བ་དང་ཤེས་བྱར་སློབ་སྦྱོང་བྱེད་པ། དགེ་རྒན་གྱིས་སློབ་སྦྱོང་ནན་མོ་བྱས་ན། སློབ་མ་ད་གཟོད་ཡར་ཐོན་ཡོང་ཐུབ། བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་བཟང་པོ་བྱེད་པ་དང་། སློབ་མར་ཀུན་སྤྱོད་བཟང་ཞིང་མི་སྐྱོང་བའི་སློབ་ཁྲིད་བཟང་པོ་བྱས་ཏེ། སློབ་མ་འཚར་ལོངས་འབྱུང་བ་དང་ཤེས་ཡོན་ཅན་དུ་འགྱུར་བའི་སྣེ་ཁྲིད་པ་བྱ་དགོས་ཟེར།
ཞིན་ཁྲང་ཞིང་མཚོ་ཤར་གྲོང་ཁྱེར་སློབ་འབྲིང་གཉིས་པ་རུ་ཕྱིན་ནས་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་པ་དང་། སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཟ་ཁང་། སློབ་ར་སོགས་ལ་ལྟ་ཞིབ་བྱས་པར་མ་ཟད། སློབ་གྲྭ་འཛུགས་སྐྲུན་དོ་དམ་དང་སློབ་གསོ་དང་སློབ་ཁྲིད། རྒྱུན་རྣམ་ཅན་གྱི་རིམས་འགོག་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་པར་མེ་ཏོག་ཕུལ། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་སློབ་ཆུང་གསུམ་པ་རུ། ཞིན་ཁྲང་ཞིང་གིས་བྱ་འགུལ་སྤེལ་བཞིན་པའི་སློབ་མ་དང་གླེང་མོལ་བྱས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་ཡོང་བའི་དགེ་རྒན་ཝང་ཞང་ཡུས་ཀྱི་མཐོ་སྒང་གི་སློབ་གསོ་ལས་དོན་ཐད་བྱས་རྗེས་འཇོག་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས།
ཝང་ཞོ་དང་ཡུས་ཚོང་ལི། དབྱང་ཀྲི་ཝུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པ་རེད།