མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས་པ།

  2020-09-09 16:10:39  གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས7ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་འཁོར་དང་བཅས་པས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་འཛུགས་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་བྱས་པ་རེད། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་མཱ་ཝེ་བཞུགས་མོལ་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས།

མཱ་ཝེ་ཡིས་ཐོག་མར་ཞུས་ཞུའེ་ཀོང་འཁོར་དང་བཅས་པར་དགའ་བསུ་ཞུས་རྗེས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་ཏེ། ཁྲིམས་འཛུགས་ལས་དོན་གྱི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་ནས་བཤད་རྒྱུར། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཚད་མཐོའི་མཐོང་ཆེན་བྱས་པའི་ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་གཞིར་བཟུང་ནས།  སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དང་། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག》(ཚོད་ལྟའི་ལག་བསྟར)།《མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཤུལ་བཞག་ས་ཁུལ་གྱི་སྲུང་སྐྱོབ་སྲོལ་ཡིག》སོགས་གཙོས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ནས་དངོས་སུ་བཏོན་པ་དེས། མཚོ་སྔོན་ཞིང་ཆེན་གྱིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད་ཟེར།

ཞུས་ཞུའེ་ཀོང་གིས་བཤད་རྒྱུར། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་མཚོ་བོད་མཐོ་སྒང་གི་ས་ཁོངས་སུ་གཏོགས་པས། རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདྲ་ས་མང་པོ་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཐུན་མོང་གི་འགན་འཁྲི་ཡོད་ལ་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཡང་ཡོད། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཐད་མཚོ་སྔོན་ཞིང་ཆེན་གྱིས་སྔོན་ལ་གོམ་པ་གང་སྤོས་པར་མ་ཟད། སྤུས་ཚད་ཀྱང་ཅུང་ཆེན་པོ་ཡོད་པས་སློབ་སྦྱོང་བྱེད་རིན་ངེས་ཅན་ཡོད། ཕྱིར་ལོག་རྗེས་མཚོ་སྔོན་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས།《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་སྲོལ་ཡིག(འཆར་ཟིན)》ལ་ཞིབ་འཇུག་དང་བཟོ་བཅོས་ནན་ཏན་བྱ་རྒྱུ་ཡིན་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།