མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག་གི་ལས་འགུལ”སྤེལ་བ་ནས་བཟུང་།ཟི་ལིང་གི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི42དང་མི་གྲངས446ཐག་གཅོད་བྱས་པ།

ཡོས་བུ།  2020-09-08 16:25:53 

གསར་འགོད་པས་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ4པར་ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག་གི་ལས་འགུལ”སྤེལ་བ་ནས་བཟུང་། ཟི་ལིང་གི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་རིམས་ནད་འགོག་ཟོན། གྱོད་དོན་རྙོག་འཛིང་ཆེ་བ། གཏུག་ཡུལ་མང་པོ་ཡོད་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས། སྟོབས་ཤུགས་གཅིག་སྒྲིལ་དང་དུས་ཚོད་སྤྱད་དེ“གྱོད་གཞི་གཙང་བཤེར་བྱེད་པའི”འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ། གྱོད་གཞི་གཙང་བཤེར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཟླ8པའི་ཟླ་སྟོད་བར་དུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་ཕྱོགས་ཀྱི་གཞུང་གཏུག་དང་འབྲེལ་བ་ཡོད་པའི་འདྲི་གཅོད་དང་པོའི་གྱོད་གཞི46དང་མི་གྲངས468བདག་སྤྲོད་བྱས་པའི་ནང་ཟླ4པའི་གོང་དུ་གཞུང་གཏུག་བྱས་པའི་མི་གྲངས42ཀྱི་ནག་འབྲེལ་གྱོད་གཞི446ཚང་མ་ཞིབ་གཅོད་མཇུག་སྒྲིལ་བྱས་ཡོད་པ་རེད།


རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ5པར་ཟི་ལིང་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ་དང་འབྲེལ་ཁྲིམས་རའི་ཐོག་ལིན་ཆེ་གེ་མོས་ཁ་བསླུས་རྒྱག་པ་དང་། བསྙད་རྐོ་ཟིང་སློང་བྱེད་པ། བསྙད་འདོགས་རྒྱུ་ལེན་བྱེད་པ་བཅས་ཀྱི་གྱོད་གཞི་ཁྱབ་སྒྲོག་བྱས་པ་རེད། ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱས་པར་མ་ཟད་ཁྲིམས་ར་དེ་གར་ཏིང་ཆེ་གེ་མོ་སོགས་མི21ལ་བསྙད་རྐོ་ཟིང་སློང་བྱས་པ་དང་། བསམ་བཞིན་དུ་རྒྱུ་དངོས་གཏོར་བརླག་བཏང་བ། བསྙད་འདོགས་རྒྱུ་ལེན་བྱས་པ། བསམ་བཞིན་དུ་གནོད་འཚེ་བཏང་བ། ཤོ་ཁང་འཛུགས་གཉེར་བྱས་པ་བཅས་ཀྱི་བཅད་ཁྲ་ཁྱབ་སྒྲོག་བྱས། ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་འབྲེལ་ཁྲིམས་ར་དེ་གར་པའོ་ཆེ་གེ་མོ་སོགས་མི6ཁྲིམས་འགལ་ངང་བཀག་ཉར་དང་། བསྙད་འདོགས་ཧམ་ལེན། ཁྲིམས་འགལ་ངང་མེ་མདའ་བདག་བཟུང་བཅས་ཀྱི་གྱོད་གཞི་ཁྱབ་སྒྲོག་བྱས་པ་རེད། ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ་དང་འབྲེལ་ཁྲིམས་རར་ཝུའུ་ཆེ་གེ་མོ་སོགས་མི8ཀྱིས་ཁ་བསླུས་བརྒྱབ་པ་དང་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བཏང་བའི་གྱོད་གཞི་སོགས་ཁྱབ་སྒྲོག་བྱས་པ་རེད། ཟླ6པར་ཟི་ལིང་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས་ལི་ཆེ་གེ་མོ་སོགས་མི3གྱིས་ཤོ་ཁང་བཙུགས་པ་དང་བསྙད་རྐོ་ཟིང་སློང་གི་གྱོད་གཞི་ཞིག་ཁྲིམས་ཐག་བཅད་པ་རེད། ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་མ་ཟད་ཁྲིམས་རར་ཡོན་ཆེ་གེ་མོ་སོགས་མི30ཡིས་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་སྒྲིག་འཛུགས་དང་མགོ་ཁྲིད་བྱས། རྐང་བཙུགས་ནས་གནོད་འཚེ་གཏོང་བ་དང་། བསྙད་རྐོ་ཟིང་སློང་། མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་པ། ཁྲིམས་འགལ་གྱིས་བཀག་སྐྱིལ་བྱེད་པ་བཅས་ཀྱི་གྱོད་གཞི་གཅིག ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་མ་ཟད་ཁྲིམས་སར་ཡོན་ཆེ་གེ་མོ་སོགས་མི16ལ་བསྙད་རྐོ་ཟིང་སློང་དང་། རྐང་བཙུགས་ནས་གནོད་འཚེ་གཏོང་བ། ལྐོག་འབྲེལ་གྱིས་གཉེར་འགན་ལེན་པ་བཅས་ཀྱི་གྱོད་གཞི་ཁྱབ་སྒྲོག་བྱས་པ་རེད། ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ་དང་འབྲེལ་ཁྲིམས་རར་ཀྲང་ག་གེ་མོ་སོགས་མི11གིས་ཁ་བསླུས་རྒྱག་པ་དང་། ཁྲིམས་འགལ་ངང་བཀག་ཉར་བྱེད་པ། བསྙད་འདོགས་རྒྱུ་ལེན་བྱེད་པ། བསྙད་རྐོ་ཟིང་སློང་བྱེད་པ་བཅས་ཀྱི་ཁྲིམས་ཐག་བཅད་པ་རེད། ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ་དང་འབྲེལ་ཁྲིམས་རའི་ཐོག་དོམ་ཆེ་གེ་མོ་སོགས་མི་བདུན་གྱིས་ཁ་བསླུས་རྒྱག་པ་དང་། བསྙད་འདོགས་རྒྱུ་འཕྲོག གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་རྫུན་འབྲི་བཅས་ཀྱི་ཁྲིམས་ཐག་བཅད་པ་རེད། ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ་དང་འབྲེལ་མ་ཆེ་གེ་མོ་སོགས་མི་20ཡིས་རྐང་བཙུགས་ནས་གནོད་འཚེ་གཏོང་བ་དང་། ཤོ་ཁང་འཛུགས་པ། ཁྲིམས་འགལ་ངང་བཀག་ཉར་བྱེད་པ། བཙན་ཤེད་ངང་ཉོ་འཚོང་བྱེད་པ། བསྙད་འདོགས་རྒྱུ་ལེན་བྱེད་པ། ཁྲིམས་འགལ་ངང་སྡོད་ཁང་ནང་བཙན་འཛུལ་བྱེད་པ་སོགས་ཀྱི་ཁྲིམས་ཐག་བཅད་པ་རེད། ཟླ7པར་ཟི་ལིང་གྲོང་ཁྱེར་གྱི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པ་དང་འབྲེལ་ཧྥེང་ཆེ་གེ་མོ་སོགས་མི་8ཀྱིས་ཁ་བསླུས་རྒྱག་པ་དང་། བསྙད་འདོགས་རྒྱུ་ལེན་བྱེད་པ། བསྙད་རྐོ་ཟིང་སློང་བྱེད་པ་བཅས་ཀྱི་ཁྲིམས་ཐག་བཅད་པ་རེད། སུན་ག་གེ་མོ་སོགས་མི7གྱིས་མགོ་སྐོར་གཡོ་ལེན་དང་། བསྙད་འདོགས་རྒྱུ་འཕྲོག བསྙད་རྐོ་ཟིང་སློང་བཅས་ཀྱི་གྱོད་གཞི་བཅད་ཁྲ་ཁྱབ་སྒྲོག་བྱས་པ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།