མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

མཚོ་སྔོན་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐོ་རིམ་གླེང་སྟེགས་འཚོགས་པ།

  2020-09-07 11:44:56  རྒྱང་སྒྲོག་བརྙན་འཕྲིན།

ཟླ9པའི་ཚེས6ཉིན། མཚོ་སྔོན་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་འཚོགས་ཤིང་། ཧྲིན་ཀྲང་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཀྱང་ཕུལ་པ་རེད།

ཀྲང་ལི་ཡིས་ཤིས་ཚིག་འབུལ་སྐབས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་འགངས་ཅན་དང་། ས་ཁམས་ཀྱི་ཆ་རྐྱེན་དམིགས་བསལ་ཅན། སྐྱེ་ཁམས་ཁོར་ཡུག་སྣ་མང་ཅན། སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཅན་བཅས་ནི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཕུགས་བསམ་གྱི་གནས་ཤིག་རེད་ལ། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྒྱལ་ཁོངས་བར་སྟོང་གསར་སྤེལ་གྱི་བཀོད་པ་རྒྱུན་མཐུད་ལེགས་སྒྱུར་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་ནུས་ཁུངས་གཙང་མའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་རེས་འཁོར་བེད་སྤྱོད་བྱ་རྒྱུར་སྐུལ་འདེད། སྟབས་བདེ་འོས་འཚམ་དང་འཚེ་མེད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་འཚེ་མེད་དང་གྲུབ་ཆ་ལེགས་པའི་འཐབ་ཇུས་རང་བཞིན་གྱི་སྐྱེ་ཁམས་ཐོན་ལས་ཁག་ཅིག་བཏོད་དེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད་ལ། ཐེངས་འདིའི་གླེང་སྟེགས་ཐོག་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པའི་ལས་སྟེགས་བསྐྲུན་ཏེ། ང་ཚོས་གླེང་སྟེགས་ཀྱི་གྲུབ་འབྲས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས་ཤིང་། གསར་གཏོད་འཚོལ་ཞིབ་བྱས་ནས་རང་བྱུང་གི་ལེགས་ཆ་དང་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་ཆེར་གཏང་དགོས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་འཚེ་མེད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས་ཟེར།

གླེང་སྟེགས་ཐོག ཝང་ཀོང་ཆན་དང་། ཏེང་མིང་ཅང་། ཀྲའོ་ཤིན་ཆོན། ཧོང་གཡོད་ཧྥེ། ལིའུ་ཧྲུའུ་ཅེ། མ་ཡུས་ཧྲོའུ་སོགས་རྒྱལ་ནང་གི་ཞིང་ཆེན་ནང་གི་ཆེད་མཁས་པ་དང་མཁས་དབང་གྲགས་ཅན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། བསམ་ཕྱོགས། ལས་འགན། བྱ་ཐབས་སོགས་ལ་དམིགས་ནས་རིག་གཞུང་སྙན་ཞུ་ཕུལ་བ་རེད། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།