མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

དགའ་བདེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

  2020-08-31 16:26:21 

ཉེ་ལམ། དགའ་བདེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ཏེ་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་བྱས། ཅུས་ཀྲང་བསོད་ནམས་ཚེ་དཔལ་གྱིས་བྱེ་བྲག་གི་བྱ་བ་དངོས་དང་སྦྱར་ཏེ། རྫོང་ཁྲིམས་འཛིན་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་།

ཚོགས་འདུའི་སྟེང་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་རང་ཞིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་བརྒྱའི་དམིགས་འབེན་ཐོག་མ་མངོན་འགྱུར་བྱུང་བའི་གནད་འགག་གི་དུས་ལ་བསྡུས་པའི་ཚོགས་འདུ་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས“འབྲོག་ཁུལ་བཅོས་སྐྱོང་བྱེད་པར་བརྩོན་འགྲུས་གཙོ”ཞེས་པ་དང་། “བརྩོན་འགྲུས་ཀྱི་སྙིང་སྟོབས་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་། ཁྲིམས་སྐྱོང་གི་སྙིང་སྟོབས། དྲང་ཚུགས་གསར་གཏོད་ཀྱི་སྙིང་སྟོབས། མདོ་དབུས་མཐོ་སྒང་གི་སྙིང་སྟོབས་བཅས་གཙོ་བོ་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཡིན”ཞེས་བསྟན་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ལས་ཁུངས་སོ་སོར་དངོས་ཡོད་ཀྱི་བླང་བྱ་བཏོན་ཡོད་ཟེར།

ཚོགས་འདུའི་སྟེང་བསྟན་དོན། ཁྲིམས་འཛིན་ཅུས་ལས་བྱེད་ཡོངས་ཀྱིས་གཅིག་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་གསུང་བཤད་གལ་ཆེན་དང《བསམ་འཆར》ལ་སློབ་སྦྱོང་དང་ལག་ལེན་དུ་བསྟར་ཏེ། མིག་སྔར་དང་རྗེས་ཕྱོགས་ཀྱི་ཐོག་མའི་ཆབ་སྲིད་ལས་འགན་ཞིག་ཡིན་པའི་ཆ་ནས། ཡང་དག་སྒོས་ས་ཁུལ་བཅོས་སྐྱོང་གི་གནད་གཙོ་བོ་དམ་དུ་བཟུང་སྟེ་རང་རྟོགས་ཀྱིས་ས་ཁུལ་བཅོས་སྐྱོང་བྱ་བ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། གཉིས་ནས་བརྩོན་འགྲུས་ཀྱི་རྒྱུན་སྐྱོང་བ་སྟེ། ལེ་ལོ་དང་སྒྱིད་ལུག་དབང་དུ་མ་སོང་བར་རང་གི་འགན་དུ་བབས་པའི་དོན་བྱ་ཡོད་ཚད་དུས་ཐོག་ཏུ་སྒྲུབ་དགོས། གསུམ་ནས་དྲང་ཚུགས་གསར་གཏོད་བྱ་བ་རྒྱུན་སྐྱོང་བ་སྟེ། ནན་ཏན་གྱིས་ཁྲིམས་འབྲེལ་བྱ་བ་དང་། ཁྲིམས་སྐྱོང་དྲིལ་སྒྲོག བཅའ་ཁྲིམས་ཞབས་ཕྱི། མི་དམངས་འདུམ་སྒྲིག སྡོད་ཁུལ་ཡོ་བསྲང་བཅས་ཁག་སོ་སོའི་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱས་ནས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་མུ་མཐུད་དུ་རྒྱུན་སྐྱོང་དགོས། བཞི་ནས་རང་ཉིད་ཀྱི་བྱ་བའི་ལས་རྐང་ནས་འགན་ནུས་འདོན་པ་སྟེ། མང་ཚོགས་ཀྱི་དངོས་ཡོད་བཅའ་ཁྲིམས་དགོས་མཁོ་ལ་གཞིགས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་ཁྲོད་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་གཙོར་བཟུང་སྟེ། རྟ་ཐོག་ཁྲིམས་སྒྲོག་རུ་དཔུང་དང་། དར་དམར་ཁྲིམས་སྒྲོག་རུ་དཔུང་། འཕྲུལ་རྟའི་ཁྲིམས་སྒྲོག་རུ་དཔུང་སོགས་དྲིལ་སྒྲོག་རུ་དཔུང་ལ་བརྟེན་ནས་སྲིད་ཇུས་ཁྲིམས་སྲོལ་དང་། རིམས་འགོག ནག་འཇོམས་ངན་སེལ་སོགས་ཁྲིམས་ཁྱབ་དྲིལ་སྒྲོག་བྱ་བ་སྤྱི་ཡོངས་སུ་སྤེལ་ཏེ། མང་ཚོགས་ཀྱིས་རང་རྟོགས་སྒོས་ཁྲིམས་བརྩི་བ་དང་། དོན་དག་ལ་ཐུག་དུས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་པར་ཁྲིམས་ལ་བརྟེན་པའི་གོམས་གཤིས་ཆགས་སུ་འཇུག་དགོས།  བཅའ་ཁྲིམས་ཞབས་ཕྱི་དྲ་བ་དང་ཁ་པར་སོགས་ཀྱི་ལམ་ནས་སྤེལ་བ་དང་། སྡོད་ཁུལ་ཡོ་བསྲང་བྱ་བ་གཅིག་ངོ་གཅིག་སྤྲོད་དང་མང་ངོ་གཅིག་སྤྲོད་ཅན་གྱི་རྣམ་པའི་སྟེང་ནས་ཡོ་བསྲང་མི་སྣའི་དོ་དམ་ཚོད་འཛིན་ལ་ཕན་འབྲས་ཐོན་པར་བྱ་དགོས་ཤིང་། ལག་ལེན་དངོས་ཀྱི་ཁྲོད་ནས་ས་ཁུལ་བཅོས་སྐྱོང་ལམ་ལུགས་ཀྱི་གསར་གཏོད་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ཅན་གྱི་དགའ་བདེ་གསར་བ་བསྐྲུན་པར་འབད་དགོས་ཟེར།




རྩོམ་སྒྲིག་པ། 南夸才让