མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

དགའ་བདེ་རྫོང་ཁྲིམས་འཛིན་ཅུས་ཀྱིས《དམངས་དོན་ཁྲིམས་གཞུང》དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།

  2020-08-31 16:26:16 

འཕྲིན་གཏོང་བ། ཆོས་བྷ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པའི་ཕྱོགས་ལ་གནང་བའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་ཆེད། ཀྲུང་གུང་དགའ་བདེ་རྫོང་ཏང་ཨུ་ཨུ་ཡོན་ལྷན་ཁང་ཁྲིམས་བརྩི་ཁྲིམས་ཁྱབ་གྲོས་བསྡུར་ཚན་ཆུང་དང་། དགའ་བདེ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ། དགའ་བདེ་རྫོང་ཁྲིམས་འཛིན་ཅུས་བཅས་ཀྱིས་ཉེ་ལམ《དགའ་བདེ་རྫོང་གི་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱ་བའི་སློབ་གསོའི་བྱ་འགུལ་གྱི་ལག་བསྟར་ཇུས་གཞི》བཟོས་ཏེ། རྫོང་མངའ་ཁོངས་ནས《དམངས་དོན་ཁྲིམས་གཞུང》གི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་ཤུགས་ཆེན་པོས་དར་སྤེལ་དང་། དམངས་དོན་ཁྲིམས་གཞུང་གི་སློབ་སྦྱོང་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ་ཚོགས་ཞུགས་པ་ཀུན་གྱི་སེམས་ལ་ཟུག་པར་བྱས་ཡོད།

ཟླ8པའི་ཚེས13ཉིན། དགའ་བདེ་རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རིན་ཀུང་ཡུན་ལིན་དང་། “1+1”ཀྲུང་གོ་བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པའི་དང་བླངས་པ་བློ་མཐུན་ཧུའུ་ལིང་རུའུ་གཉིས་གཙང་སྐོར་ཞོལ་མ་ཤང་མི་དམངས་སྲིད་གཞུང་དུ་སོང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་ལ། ཤང་སྲིད་གཞུང་གི་ལས་བྱེད་ཡོངས་ཐེངས་འདིའི་བྱ་འགུལ་དུ་ཞུགས་ཡོད།

ཁྲིམས་རྩོད་པ་ཧུའུ་ལིང་རུའུ་ཡིས་དམངས་དོན་ཁྲིམས་གཞུང་འགྲེམ་བསྒྲགས་བྱས་པ་དེས་ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་དུ་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་ནུས་པ་ཐོན་པར་མ་ཟད། དམངས་དོན་ཁྲིམས་གཞུང་དུ་གཏན་ལ་ཕབ་པའི་དམངས་དོན་ཁེ་དབང་དང་འོས་འགན་ནི་སྤྱི་དམངས་སོ་སོའི་ཁྲིམས་མཐུན་ཁེ་དབང་དང་སྦྲེལ་ཡོད་པའི་མི་ཚད་སྲིད་གཞུང་ལས་བྱེད་ཀྱི་བྱ་བ་དང་ཡང་དམ་དུ་འབྲེལ་ཡོད་ཟེར།

ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ནི་དགའ་བདེ་རྫོང་ཁྲིམས་འཛིན་ཅུས་ཀྱིསདམངས་དོན་ཁྲིམས་གཞུངཁྱབ་བསྒྲགས་བྱས་རྗེས་འཕྲལ་དུ་དེ་ཉིད་ལག་བསྟར་དང་སྐུལ་འདེད་བྱ་བར་རྩ་འཛུགས་བྱས་པའི་བྱེད་ཐབས་དང་གོ་རིམ་གཙོ་བོ་ཞིག་ཡིན་ལ། རྫོང་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིསདམངས་དོན་ཁྲིམས་གཞུངསྤྱད་དེ་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་། ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་འདེད་གཏོང་བ། ཁྲིམས་ཁྱབ་སློབ་གསོ་སྤེལ་བ། གྱོད་སྣ་ཁ་མཆུ་འདུམ་པ། སྤྱི་ཚོགས་བརྟན་འཇགས་དང་འཆམ་མཐུན་དུ་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

དགའ་བདེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱི་གོ་སྐབས་ལ་བརྟེན་ནས་མུ་མཐུད་དུ་དམངས་དོན་ཁྲིམས་གཞུང་གི་སློབ་སྦྱོང་དང་ལག་བསྟར་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་འཚོ་བའིཤེས་བྱ་ཀུན་འདུས་ཆེན་མོའདི་བཀོལ་ཤེས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་རེད།




རྩོམ་སྒྲིག་པ། 南夸才让