མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལ་བདམས་པ།

  2020-08-31 15:58:05 

ཟླ8པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་། ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས།

ཞིན་ཁྲང་ཞིང་གི་ངོ་སྤྲོད་མདོར་བསྡུས།

 ཞིན་ཁྲང་ཞིང་། ཕོ། རྒྱ་རིགས། 1963ལོའི་ཟླ12པར་སྐྱེས། ཧྲན་ཏུང་ཧུའེ་མིན་གྱི་མི་ཡིན། 1986ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། 1986ལོའི་ཟླ7པར་བྱ་བར་ཞུགས། ཧྭ་ཀྲུང་དགེ་ཐོན་སློབ་ཆེན་ཆབ་སྲིད་སྡེ་ཁག་གི་ཆབ་སྲིད་དཔལ་འབྱོར་རིག་པ་སྦྱངས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབ་གནས་དང་དཔལ་འབྱོར་རིག་པའི་རབ་འབྱམས་པ་ཡིན། ད་ལྟ་སྐབས་བཅུ་དགུ་བའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཡིན།

སྔོན་ཆད་ངལ་རྩོལ་པུའུ་ངལ་རྩོལ་ཚན་རིག་ཞིབ་འཇུག་སའོ་གླ་ཕོགས་ཞིབ་འཇུག་ཁང་དང་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ངལ་རྩོལ་པུའུ་སྲིད་ཇུས་ཁྲིམས་སྲོལ་ཟི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་ལམ་ལུགས་བཅོས་བསྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས་མྱོང་ལ། 1997ལོའི་ཟླ2པར་ངལ་རྩོལ་པུའུ་སྲིད་ཇུས་ཁྲིམས་སྲོལ་ཟི་ཡི་ཟི་ཀྲང་གཞོན་པའི་འགན་བཞེས། 1998ལོའི་ཟླ7པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། 1993ལོའི་ཟླ3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གསོ་སྦྱོང་ལས་ཞུགས་ཟི་ཡི་ཟི་ཀྲང་གཞོན་པའི་འགན་བཞེས། 2001ལོའི་ཟླ7པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གསོ་སྦྱོང་ལས་ཞུགས་ཟི་ཡི་ཟི་ཀྲང་གི་འགན་བཞེས། 2002ལོའི་ཟླ3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས། 2005ལོའི་ཟླ6པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ནོར་སྲིད་འཆར་འགོད་ཟི་ཡི་ཟི་ཀྲང་གི་འགན་བཞེས། (འདིའི་སྐབས་སུ2004ལོའི་ཟླ2པ་ནས2006ལོའི་ཟླ1པོའི་བར་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཏགས) 2006ལོའི་ཟླ3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས། 2008ལོའི་ཟླ7པར་རྒྱལ་ཁབ་གཞུང་ཞབས་པའི་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས། 2010ལོའི་ཟླ9པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས། 2014ལོའི་ཟླ8པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་གཞུང་ཞབས་པའི་ཅུའུ་ཡི་ཅུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཡི་འགན་བཞེས། 2016ལོའི་ཟླ9པར་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 2020ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཡི་འགན་བཞེས། 2020ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་གཞོན་པ། ཧྲིན་ཀྲང་ལས་ཚབ་པ། ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།


རྩོམ་སྒྲིག་པ། 南夸才让