འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཏན་འགོག་བྱས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་དྲ་ཐོག་ཏུ་འུར་གྱིན་པའིG315རྒྱལ་ལམ་Uདབྱིབས་ཅན་གྱི་གཞུང་ལམ་གྱི་སྐོར་གཡེང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ། མཛེས་ལྗོངས་ཁུལ་དང་དེ་བཞིན་ཁྲིམས་འགལ་ས་གནས་སུ་ཉེན་ཟོན་བྱང་བུ་བཟོས་ཡོད་པ་རེད།
ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་རྒྱལ་ལམG315Uཅན་དེ་དྲ་སྟེང་དུ་གྲགས། གཙ་བོ་གནས་དེ་རུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་པར་ལེན་པར་ཡོང་བ་རེད། ལམ་དུམ་དེའི་ལམ་རྒྱུད་ཀྱི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའིUདབྱིབས་ཀྱི་གྲུབ་ཆར་མཚར་སྣང་སྐྱེས་ཏེ་ཡུལ་སྐོར་བས་ཀྲུང་གོའི་པར་གཞིའི“གཞུང་ལམ་ཨང66པའི”མཚན་སྙན་བཏགས་ཡོད། འོན་ཀྱང་འགྲོ་ལམ་གྱི་བདེ་འཇགས་གནད་དོན་གྱི་མངོན་མེད་རྐྱེན་ངན་ཡང་མི་ཉུང་བ་ཞིག་ཐོན་ཡོད་པས། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་གཞུང་ལམ་དཀྱིལ་དུ་ལངས་པ་དང་། བཙོག་པ། ཉལ་བ། མཆོང་བ་སོགས་ཀྱི་ཉམས་འགྱུར་སྣ་ཚོགས་བཏོད་ནས་པར་རྒྱག་གི་ཡོད་པ་རེད། དེས་ནི་རང་གཞན་ཀུན་ལ་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་བཟོས་ཡོད་ལ། དེ་མིན་ཉེ་ཆར་ལམ་ག་དེ་ནས་འགྲིམ་འགྲུལ་དོན་རྐྱེན8བྱུང་བའི་དཀྲོག་གཏམ་གྱིས་ཀྱང་དྲ་རྒྱའི་གསར་ལམ་ཁག་འུར་ཟིང་དུ་བཟོས་ཡོད།
གསར་འགོད་པས་ན་གོར་མོ་གྲོང་ཁྱེར་གྱི་རྒྱལ་ལམG315གྱིདྲ་ལམ་དུ་གྲགས་པའི་གཞུང་ལམ་གྱི་ལམ་དུམ་དུ་མཐོང་བ་ལྟར་ན། ན་གོར་མོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་སྐོར་གཡེང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པ་དང་། མཛེས་ལྗོངས་ཁུལ་དང་ཁྲིམས་འགལ་ས་གནས་སུ་ཉེན་བརྡའི་བྱང་བུ་བཙུགས་ཡོད། སྒྲིག་འགལ་བྱེད་མཁན་ལ་སྐར3འཐེན་ཐོག་སྒོར200ཡི་ཆད་པ་གཅད་རྒྱུ་གཏན་ཁེལ་བྱས། དེ་དང་ཆབས་ཅིག་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཏན་འགོག་དང་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་སོགས་འབྲེལ་ཡོད་སྡེ་ཁ་གིས་ལམ་ཐིག“Uརིགས་ཀྱི་གཞུང་ལམ”དྲ་རྒྱ་དམར་པོའི་གཞུང་ལམ་ལ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་སྤེལ་བ་རེད། “དྲ་དཔོནUདབྱིབས་ཅན་གྱི་གཞུང་ལམ”ནུབ་མཚམས་སུ་སྨི་གྲུ་བཞི་མ1300ཟིན་པའི་རླངས་འཁོར་འཇོག་ས་མགྱོགས་མྱུར་བསྐྲུན་ཡོད་པར་མ་ཟད། མཚོ་ནུབ་ཁུལ་ཚྭ་འདམ་གཞོང་སྲིད་འཛིན་ཨུ་ལྷན་དང་མཚོ་ནུབ་ཁུལ་གཞུང་ལམ་ལམ་སྲིད་ཁྲིམས་འཛིན་ཡན་ལག་རུ་ཁག་དབར་འབྲེལ་ཡོད་ལས་དོན་དང་མཐུན་སྦྱོར་འབྲེལ་གཏུག་བྱས་པ་རེད།
ལམ་དུམ་བུ་དེའི་སྐོར་གཡེང་བྱེད་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པས་ངོ་སྤྲོད་བྱས་པ་ལྟར་ན། གཞུང་ལམ་དུམ་བུ་དེདྲ་ལམ་དུ་གྲགས་པའི་གཞུང་ལམདུ་གྱུར་པ་ནས་བཟུང་ཉིན་ལྟར་རླངས་འཁོར3000ལྷག་ཙམ་ཟིན་གྱི་ཡོད་པ་དང་། ལམ་དུམ་དེའི་འགྲོ་ལམ་བདེ་འཇགས་འགན་ལེན་བྱ་ཆེད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ཆེད་མངགས་མི་སྣ་སྐོང་འཐེན་བྱས་ཏེ་ལམ་དུམ་དེའི་སྤྱི་ལེ་40ཡི་ས་ཁོངས་སུ་རྒྱུན་ཆད་མེད་པར་སྐོར་གཡེང་བྱས་པ་རེད། དུས་མཚུངས་སུ་གཞུང་ལམ་འགྲིམ་འགྲུལ་ཁྲིད་སྟོན་དང་ཁྲིམས་འགལ་ངང་རླངས་འཁོར་འཇོག་པར་བཀག་འགོག་བྱས་པ་རེད།
ལམ་དུམ་དེར་སྐོར་གཡེང་བྱེད་མཁན་གྱི་འགྲིམ་འགྲུལ་ཉེན་རྟོག་པས་བཤད་རྒྱུར།
“ལམ་འདི་ལུང་ཁུག་ཅིག་ཏུ་གནས་ཀྱང་། དེ་ནི་མཚོ་སྔོན་དང་ཤིན་ཅང་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་འགག་མདོ་ཞིག་ཡིན་ལ་དོས་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་མང་པོ་ཞིག་གི་བརྒྱུད་པའི་ལམ་བུ་ཞིག་ཀྱང་རེད། རྒྱ་ཆེའི་ཡུལ་སྐོར་བས་རང་གཞན་ཀུན་གྱི་ཚེ་སྲོག་བདེ་འཇགས་ཀྱི་ཆེད་དུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བརྩི་སྲུང་བྱ་དགོས་ཟེར། དེའི་ཐད་འབྲེལ་སྡེ་ཁག་གིས་བསྟན་དོན། རྒྱལ་ལམ315ཡི་བྱེད་ནུས་ནི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོ་ན་ལས་ཡུལ་སྐོར་པས་འདྲ་པར་བསྐྱོན་ཡུལ་མིན། དེ་ལྟར་ཡུལ་སྐོར་ལམ་ངོས་སུ་འཛོམས་ན་བར་འབྱུང་ཉེན་ཆེ། ཐ་ན་ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད་ཟེར། དེར་བརྟན་དྲ་སྟེང་གི་སྐད་གྲགས་ལ་ཧབ་ཐོབ་བྱས་ཏེ་གཞུང་ལམ་དེའི་སྟེང་པར་ལེན་པ་སོགས་བདེ་འཇགས་ལ་གནོད་པའི་ལས་སྒྲུབ་པ་ནི། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྤྱི་པའི་བདེ་འཇགས་སྣང་མེད་དུ་བྱེད་སྟངས་ཤིག་ཡིན་པས། བྱ་སྤྱོད་དེ་རིགས་གཏན་འགོག་བྱ་དགོས་ཟེར།