མཚོ་ཤར་གྲོང་ཁྱེར་དམར་གཙང་ས་ཁུལ་གྱིས་ཁེ་ལས་ཀྱི་ལས་མི་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ངལ་རྩོལ་པའི་ཁེ་དབང་འགན་ལེན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་ལས་ཀའི་ལམ་སྲོལ་དང་ལས་ཀ་བྱེད་སྟངས་རྒྱུན་མི་ཆད་པར་གསར་གཏོད་བྱས་ཡོད། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་དགོས་པ་དང་། ད་ལོའི་ལོ་སྟོད་དུ་ངལ་རྩོལ་ལྟ་ཞིབ་ཀྱི་གྱོད་གཞི་ཁྱོན་བསྡོམས9བདག་སྤྲོད་བྱས་ལ། ཞོར་ལས་པ129ཡི་གླ་ཕོགས་སྒོར་ཁྲི112.96གཙང་སྤྲོད་བྱས་པ་དང་། ཞོར་ལས་པའི་གླ་ཕོགས་གཙང་སྤྲོད་བྱེད་ཚ་96%ཟིན་ཡོད། ཞིང་པ་ལས་མིའི་གླ་ཕོགས་འགན་ལེན་མ་དངུལ་བསྡུ་ལེན་བྱེད་ཚད100%ཟིན་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དམར་གཙང་ས་ཁུལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནང་དོན་གཙོ་བོར་བྱེད་པའི་ཁྲིམས་འཛིན་ཞིབ་བཤེར་གཏིང་ཟབ་བྱས་པ་དང་། ངལ་རྩོལ་གན་རྒྱ་བཞག་མེད་པ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་འཇལ་སྤྲོད་བྱས་མེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ངལ་རྩོལ་གན་རྒྱ་འཇོག་པ་དང་སྤྱི་ཚོགས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ། ལས་མི་སྤྱོད་པའི་ཁེ་ལས17ལ་ཞིབ་བཤེར་བྱས་པ་དེ་ཞོར་ལས་པ435དང་འབྲེལ་བ་ཡོད་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་གནད་དོན་ལྷག་པའི་ཁེ་ལས་3ལ་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་བཏོན་པ་དང་འབྲེལ་ངལ་རྩོལ་འགན་ལེན་ལྟ་ཞིབ་ཀྱི་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བཀའ་གཏོང་ཡི་གེ་སྤྲད་པ་རེད།
དེ་དང་ཆབས་ཅིག “གླ་ཕོགས་ཆད་འགྱངས་རྩ་བ་ནས་བཅོས་སྐྱོང་བྱེད་པའི”ལམ་ལུགས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཞོར་ལས་པའི་གླ་ཕོགས་ཆད་འགྱངས་གཙང་འཇལ་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ། འགོ་ཁུངས་བཅོས་སྐྱོང་དང་། བརྒྱུད་རིམ་བཅོས་སྐྱོང་། རྒྱབ་སྣེ་ཆད་གཅོད་བཅས་ལྷུ་ཚིགས་གསུམ་ཏན་ཏིག་དང་སྲ་བརྟན་དུ་གཏོང་བ། “ལམ་ལུགས་བཞི”ཁྱོན་ཡོངས་ལ་ཁྱབ་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ། འཛུགས་སྐྲུན་རྣམ་གྲངས་ཐད་གླ་ཆ་ཆད་འགྱངས་བྱུང་བའི་ཨར་ལས་ཁེ་ལས་ལ“གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”ལག་བསྟར་བྱས་ནས། གླ་ཆ་ཆད་འགྱངས་ཀྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་པ་རེད།
དེ་མིན། བདེ་འཇགས་ཁུལ་གྱིས“ངལ་རྩོལ་འདུམ་གཅོད་ཀྱི་ཐོགས་མེད་བགྲོད་ལམ”ཁྱབ་གདལ་ཧུར་ཐག་བཏང་ནས་འདུམ་གཅོད་རེ་ཞུ་བྱེད་མཁན་ཞོར་ལས་པའི་ངལ་རྩོལ་རྩོད་གཞིའི་གྱོད་གཞི་ཡིན་ཕྱིན། བདག་སྤྲོད་བྱེད་སྟངས་སྟབས་བདེ་བཟོ་བ་དང་དམངས་བདེའི་བྱེད་ཐབས་འདོན་པ། “མགྱོགས་འཛུགས་དང་། མྱུར་སྒྲིག མྱུར་ཞིབ་དང་མཇུག་སྒྲིལ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། དམིགས་སུ་བཀར་ནས་བདག་སྤྲོད་དང་། དམིགས་སུ་བཀར་ནས་ཁྲིམས་ས་འཚོགས་པ། དུས་ཐོག་ཏུ་ཁྲུན་གཅོད་བྱེད་པ། མགྱོགས་མྱུར་ངང་གྱོད་ཐག་གཅོད་པ་བཅས་བྱས ངལ་རྩོལ་འབྲེལ་བ་ཁ་གསལ་ཡིན་པ་དང་། ཆད་འགྱངས་དངུལ་གྲངས་ཅུང་ཉུང་བ་དང་། རྩོད་གཞི་ཆེན་པོ་མེད་པའི་གྱོད་དོན། འཕྲལ་དུ་སྒྲུབ་པའི་ལམ་ལུགས་བཙུགས་ནས་ངལ་རྩོལ་འདུམ་གཅོད་གྱོད་གཞི70%ཟླ་དེར་ཞིབ་གཅོད་མཇུག་སྒྲིལ་བ་དང་ཟླ་དེར་གྱོད་ཐག་བཅད་པ་རེད། འཚོ་བའི་དཀའ་ངལ་ལ་འཕྲལ་མཁོའི་སྨན་བཅོས་བྱེད་དགོས་པའི་ལས་རྨས་ལས་བཟོའི་ཁྲུན་གཅོད་ཁག་གཅིག་སྔོན་ལ་ལག་བསྟར་བྱས་ནས་གྱོད་གཞི་ཞིབ་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་བཏང་ཡོད་ལ། ད་ལོའི་ལོ་སྟོད་དུ་ངལ་རྩོལ་མི་དོན་རྩོད་གཞིའི་གྱོད་གཞི་མཇུག་སྒྲིལ་ཚད་བརྒྱ་ཆ92.5ཟིན་པ། འདུམ་འགྲིག་བྱེད་ཚད56%ཟིན་པ་དང་འདུམ་གཅོད་མཇུག་འགྲིལ་ཚད68%ཟིན་ཡོད་པ་རེད།