མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ད་ལོར་དངོས་སུ་འཛུགས་རྒྱུ་རེད།

རིག་འཛིན་ལྷ་མོ།  2020-08-19 16:12:51  བོད་ཀྱི་དྲ་བ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ2016ལོ་ནས་སྤེལ་མགོ་ཚུགས་ཤིང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི12.31ཟིན་ཡོད། དེར་འཛམ་གླིང་ཐོག་ས་མཐོ་ཁུལ་གྱི་ཁྱད་ལྡན་གྱི་གཞི་ཁྱོན་ཆེ་བའི་འདམ་རའི་སྣོད་བཅུད་མ་ལག་ཡོད་པར་མ་ཟད། ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་མགོ་ཚུགས་པ་ནས་བཟུང་། “གླིང་གཅིག་ཁུལ་གསུམ”གྱི་སྒྲོམ་གཞིའི་འོག་ས་ཁུལ་དབྱེ་འབྱེད་དང་དོ་དམ་ཁ་ཐོར་གྱི་སྲོལ་རྒྱུན་རྣམ་པ་ལས་བརྒལ་ནས་ཞིང་ཆེན་དང་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་དངོས་ཚན་བཙུགས་པ་དང་། ཕྱོགས་བསྡུས་ཁྲིམས་འཛིན་དཔུང་ཁག་བཙུགས་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་རྒྱུར་ལག་ལེན་གྱི་ཉམས་མྱོང་བསགས་ཤིང་མཚོ་སྔོན་གྱི་ཇུས་གཞི་མཁོ་འདོན་བྱས་ཡོད། 

ཉེ་བའི་ལོ4ཡི་རིང་། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར7.8བཏང་ནས་རི་ཆུ་ནགས་ཞིང་མཚེའུ་ལ་མ་ལག་ལྡན་པའི་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ནག་གྲམ་ཐང་བཅོས་སྐྱོང་དང་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས། བྱེ་འགྱུར་བཅོས་སྐྱོང་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། མ་དངུལ་སྒོར་དུང་ཕྱུར9.4བཏང་ནས་སྐོར་སྐྱོད་གཞུང་ལམ་བཟོས་ཏེ་ས་ཁོངས་སྐོར་སྐྱོད་གཞུང་ལམ་དྲ་བ་བསྐྲུན། མ་དངུལ་སྒོར་དུང་ཕྱུར3.28བཏང་ནས་རྨ་ཆུ་ཤང་དང་། རྣམ་སྲས་ཤང་། འབའ་དགོན་ཤང་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་ནས་ཁོར་ཡུག་བཅོས་སྒྲིག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ། མ་དངུལ་སྒོར་དུང་ཕྱུར3.81བཏང་ནས་ཚན་རིག་ཁྱབ་གདལ་སློབ་གསོའི་ཞབས་ཞུ་དང་། སྲུང་སྐྱོང་ལྟ་ཞིབ་ཚད་ལེན། གྲངས་གཞི་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་སོགས་རྨང་གཞིའི་རྣམ་གྲངས་གཙོ་གནད་ཐོག་ལག་བསྟར་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་དང་། ནགས་ཚལ། འདམ་ར། ས་ངོས་ཆུ། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱི་གཞི་རྩར་བརྟག་དཔྱད་བྱས། མ་དངུལ་སྒོར་དུང་ཕྱུར1.55བཏང་ནས་ཕྱུགས་བསྐྱུར་རྩྭ་གསོའི་བཟོ་འགོད་ལག་ལེན་བསྟར་ཡོད། 

སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་འཚོལ་ཞིབ་དང་གསར་འཛུགས་བྱས་ཏེ་འབྲོག་པ་རྣམས་དོ་དམ་པར་བསྒྱུར་ནས་གླིང་ཁུལ་དུ“དུད་ཚང་རེར་ལས་གནས་རེའི”སྲིད་ཇུས་ཁྱོན་ཡོངས་ནས་ཁྱབ་པར་བྱས། མིག་སྔར། སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས17211བཀོད་སྒྲིག་བྱས་ཡོད།

མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད་ལ། ཁོར་ཡུག་སྤུས་ཚད་དང་སྐྱེ་ཁམས་ནུས་པ་ཇེ་ལེགས། ཆུ་ཁུངས་གསོ་ཉར་བྱེད་ཚད་དང་སྔོ་རྩྭའི་ཁེབས་ཚད། རྩྭའི་ཐོན་ཚད་བཅས་ཚང་མ་ཚད་གཞི་མི་འདྲ་བའི་སྒོ་ནས་ཇེ་མཐོར་ཕྱིན་ནས་ད་ལོར་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུར་ཆ་རྐྱེན་འཛོམས་ཡོད། 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།