མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཞི་ཅིན་ཕིང་གིས་སྨན་བཅོས་ལས་དོན་མི་སྣར་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཚེ་མཁར་རྒྱལ།  2020-08-19 16:12:37  བོད་ཀྱི་དྲ་བ།

ཀྲུང་གོའི་སྨན་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་བཅོས་ལས་དོན་མི་སྣར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་གིས་བཤད་རྒྱུར།  རྒྱ་ཆེའི་སྨན་བཅོས་ལས་དོན་པ་ནི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རྒྱ་ཆེའི་སྨན་བཅོས་ལས་དོན་མི་སྣས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཕྱིར་བཤོལ་མ་བྱས་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ་རིམས་ནད་ལ་འགོག་རྒོལ་བྱེད་པར་དཀའ་སྤྱད་འབད་བརྩོན་དང་བྱས་རྗེས་གལ་ཆེན་བཞག་ཡོད་དེ། དེའི་སྟེང་ནས་ཚེ་སྲོག་ལ་བྱམས་པ་དང་། སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་འདོད་ཆེ་བ། བརྩེ་བ་ཆེན་པོར་མུ་མཐའ་མེད་པ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མཚོན་ཡོད་པས། ཏང་དང་མི་དམངས་ཀྱི་ཚད་མཐོའི་གདེང་འཇོག་ཡང་ཐོབ་པ་རེད།

    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱ་ཆེའི་སྨན་བཅོས་ལས་དོན་མི་སྣས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། སྨན་པའི་ཀུན་སྤྱོད་ལ་བརྩི་མཐོང་དར་སྤེལ་དང་། སྨན་པའི་ལག་རྩལ་ལ་འབད་བརྩོན། སྨན་པའི་སྲོལ་བཟང་རྒྱུན་འཛིན། ལས་འགན་ལྗིད་མོ་འཁུར་ཕོད་པ་བཅས་བྱས་ཏེ། གསོ་རིག་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་། མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེ་རུ་གཏོང་ཆེད་བྱས་རྗེས་འཇོག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ཡོངས་ཀྱིས་སྨན་བཅོས་ལས་དོན་སྒྲུབ་མཁན་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས། སྔོན་ཐོན་བྱས་རྗེས་དར་སྤེལ་དང་། བྱེད་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་པ། གསར་གཏོད་གསར་སྐྲུན་ལ་རྒྱབ་སྐྱོར། དཀའ་ངལ་སེལ་རོགས་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྨན་བཅོས་ལས་དོན་མི་སྣ་ལ་བརྩི་འཇོག་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་རྒྱ་ཁྱབ་ངང་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 




རྩོམ་སྒྲིག་པ། སྐལ་བཟང་རྒྱལ།