མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་ཐད་ཀྱི་ཞབས་ཕྱི་གང་ལེགས་བྱས་པ།

ཡེ་ཤེས་སྒྲོལ་མ།  2020-08-14 15:09:13 

ཉེ་ཆར། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་བཅའ་ཁྲིམས་ཞབས་ཕྱིའི་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་ཐེབས་རྩ་ཚོགས་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ“བཅའ་ཁྲིམས་ཀྱིས་དམངས་ཚིས་དང་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ”ཞེས་པ་བརྗོད་བྱར་བྱས་པའི་དབང་པོ་སྐྱོན་ཅན་གྱི་བཅའ་ཁྲིམས་ཞབས་ཕྱིའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས། བཅའ་ཁྲིམས་ཞབས་ཕྱི་སྡེ་ཁག་བཅས་ཀྱི་ལས་ཀའི་འགན་ནུས་དང་། སྨྱན་སྦྱོར་གསར་པ་དང་དྲ་ཐོག་དྲ་འོག་སོགས་ཀྱི་དྲིལ་སྒྲོག་ལས་སྟེགས་དང་དྲིལ་སྒྲོག་སྨྱན་སྦྱོར་སྣ་ཚོགས་ལ་བརྟེན་ནས། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་དབང་པོ་སྐྱོན་ཅན་གྱི་བཅའ་ཁྲིམས་ཞབས་ཕྱིའི་དྲིལ་སྒྲོག་རྒྱ་ཁྱབ་ཏུ་སྤེལ་བ་རེད། ཡུལ་དངོས་སུ་དྲིལ་སྒྲོག་ཞབས་ཕྱིའི་ས་ཚུགས་འཛུགས་པ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་སྒྲོག་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། དབང་པོ་སྐྱོན་ཅན་དང་མང་ཚོགས་ལ་བཅའ་ཁྲིམས་དྲིལ་སྒྲོག་དང་བློ་འདྲིའི་ལན་འདེབས་པ་བཅས་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་བདག་སྤྲོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་དུ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་དང་། བཅའ་ཁྲིམས་རོགས་སྐྱོར། ཁྲིམས་འཛིན་རོགས་སྐྱོབ་སོགས་བཅའ་ཁྲིམས་ཞབས་ཕྱིའི་བྱ་བར་སྔར་བས་ཤུགས་བསྣན་པ་རེད། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་སོགས་ཀྱི་གོ་སྐབས་སུ་བསྟུན་ནས། “བཅའ་ཁྲིམས་བདུན་སྐྱེལ”གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དྲིལ་སྒྲོག་སྦྱར་ཡིག་དང་དྲིལ་སྒྲོག་སྦྱར་བྱང190ལྷག་ཙམ་བཟོས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔར་གཞི《དབང་པོ་སྐྱོན་ཅན་གྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཕྱིའི་ལག་དེབ》དང་།《དབང་པོ་སྐྱོན་ཅན་གྱིས་བཅའ་ཁྲིམས་རོགས་སྐྱོར་རེ་ཞུའི་ཕྱོགས་སྟོན》ཁྲི6.7རྩོམ་སྒྲིག་པར་འདེབས་བྱས་ཤིང་། དམངས་ཕན་ཞབས་ཕྱིའི་བྱང་བུ་ཁྲི24བཅས་བཟོས་ནས། གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་སྒོས། གྲོང་གསེབ་དང་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་རྒྱ་ཁྱབ་ངང་སྤེལ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་ཁྱབ་ཚད90%ཡན་ཟིན་ཡོད་པ་རེད།

དབང་པོ་སྐྱོན་ཅན་གྱི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་དང་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་ལས་གནས་གསར་འཛུགས་བྱེད་སྒོ་ཤུགས་ཆེན་སྤེལ་ནས། ཁྲིམས་རྩོད་པ་དང་། གཞུང་དཔང་ལས་ཁུངས་ཀྱི་ལས་བྱེད་མི་སྣ། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཀྱི་ལས་བྱེད་མི་སྣ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཕྱིའི་ལས་དོན་མི་སྣ་བཅས་ཀྱི་ཁྲོད་ནས་ཡོན་ཚད་མཐོ་བ་དང་འཇོན་ཐང་ཆེ་བའི་ཁེ་དབང་སྲུང་སྐྱོང་དང་བླངས་པ་བསྡུ་རུབ་བྱས་ཏེ། ཡོན་ཚད་མཐོ་བའི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་དཔུང་ཁག་ཅིག་རིམ་བཞིན་བཙུགས་ཏེ། དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་ཡིག་རིགས1000ལྷག་ཙམ་དང་། བཅའ་ཁྲིམས་བློ་འདྲི་ཐེངས3000ལྷག་ཙམ་མཁོ་འདོན་བྱས་ཤིང་། དབང་པོ་སྐྱོན་ཅན་གྱི་བཅའ་ཁྲིམས་གསོ་སྦྱོང་དང་ཟུར་ཁྲིད་འཛིན་གྲྭ་ཐེངས32ལ་གཉེར་བ་རེད། དབང་པོ་སྐྱོན་ཅན་གྱི་བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི480ལྷག་ཙམ་ཞིབ་གཅོད་བྱས་པ་དང་། རོགས་སྐྱོར་ཐོབ་པའི་མི500ལྷག་ཙམ་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི588ལྷག་ཙམ་ཕྱིར་སློག་པ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།