མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་མ་ལུས་ལ་མཐའ་གཅིག་ཏུ་འཐབ་འཛིང་བྱ་དགོས།

ཡོས་བུ།  2020-08-12 16:52:07 


ཟླ8པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིན་མུ་རི་གཏེར་ཁུལ་དུ་བསྐྱོད་དེ་ཡུལ་དངོས་སུ་ཁྲིམས་འགལ་སྔོག་འདོན་ཆེད་དོན་བརྟག་དཔྱད་བྱ་བར་ལྟ་སྐུལ་སློབ་སྟོན་གནང་། བརྟག་དཔྱད་ཚན་ཆུང་དང་ཆེད་མཁས་པ། མཚོ་ནུབ་ཁུལ་བཅས་ཀྱི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཡུལ་དངོས་སུ་ཚོགས་འདུ་བསྡུས་ཏེ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེངས་ཏེ། “འདུ་ཤེས་བཞི”མཐོར་འདེགས་དང“རང་རློམ་བཞི”བརྟན་བརླིང་། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་ནས། མཐའ་གཅིག་ཏུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློར་བརྩི་སྲུང་དང་། “ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་བརྟན་འཛུགས། “ཏན་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བྱེད་པའི”བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགག་སྒོ་བརྟན་སྲུང་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་འཐབ་འཛིང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོར་ཚད་ལྡན་གྱི་རྒྱུགས་གཞི་ཞིག་སྤྲོད་དགོས་ཟེར།
    ཚོགས་ཐོག་ཏུ་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པའི་ནང་དུ་བཞག་པ་དེས། ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དེ་གསལ་པོར་མཚོན་ཡོད། ཞིང་ཆེན་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲིའི་ཚོར་འདུ་དང་ལོ་རྒྱུས་འགན་འཁྲིའི་ཚོར་འདུ་མཐོར་འདེགས་སུ་གཏང་དགོས་ལ། “ཆེན་པོ་གསུམ”གྱི་ཞིང་ཆེན་གནས་ཚུལ་ཁ་ཕྱོགས་སུ་རྐང་བཙུགས་ཏེ། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་བྱ་བའི་ཐད་ཀྱི་གཏམ་བཤད་གལ་ཆེན་རབས་དང་རིམ་པ་དང་མཛུབ་སྟོན་མཆན་བཀོད་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ། བསམ་བློའི་སྟེང་དང་ཆབ་སྲིད་ཀྱི་སྟེང་། འགུལ་སྐྱོད་ཀྱི་སྟེང་བཅས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་ངང་གཅིག་གྱུར་བྱ་དགོས་ཟེར།
    ཚོགས་ཐོག་ཏུ་མུ་མཐུད་དུ་བསྟན་དོན། དཔའ་བོས་རང་སྲོག་གཅོད་ཕོད་པ་ལྟ་བུའི་ཆོད་སེམས་བརྟན་པོས་སྤྱོད་ཚུལ་ངན་པར་དག་ཐེར་བྱེད་པ་དང་། བསླབ་བྱ་ཐོབ་པའི་ཁྲོད་དུ་ཀླད་པ་གསལ་པོ་བྱ་དགོས། གུ་ཡངས་སྤུ་ཙམ་མེད་པའི་རྣམ་འགྱུར་གྱིས་སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་འཐབ་མགོ་བརྩམས་ཏེ། སྐྱེ་ཁམས་ནི་བརྒལ་མི་ཐུབ་བའི་འགག་སྒོ་ཞིག་ཏུ་འགྱུར་དུ་འཇུག་དགོས། ཚན་རིག་དང་མཐུན་པར་ཡུན་ཕན་སྒྲིག་གཞི་བཙུགས་ཏེ། སྐྱེ་ཁམས་རིན་ཐང་སྔོན་ལ་འཇོག་པ་དང་ཐུན་མོང་ཁེ་ཕན་ཆེས་ཆེ་བ། མ་འོངས་འཕེལ་རྒྱས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་སྒྲིག་ལམ་གྱི་ཡན་ལག་འདབ་བརྒྱད་མ་ལུས་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་མཛེས་ཤིང་སྡུག་ལ་མཚོ་མཚེའུ་དྭངས་ཤིང་གཙང་བ། རི་རྒྱུད་སྔོ་ཞིང་ལྗང་བར་གཞོགས་འདེགས་གང་ལེགས་བྱ་དགོས། རང་ས་སྲུང་བར་རང་འགན་ཡོད་ལ། རང་ས་སྲུང་བར་རང་ནུས་བཏོན་ནས། འཕེལ་རྒྱས་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་དང་འཕེལ་རྒྱས་ལྟ་བ་བཙུགས་ཏེ། རང་བྱུང་ཁམས་ལ་ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག་སྟེར་དགོས། རང་བྱུང་སྐྱེ་ཁམས་དང་ཆབ་སྲིད་སྐྱེ་ཁམས་མཉམ་དུ་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་ཆེན་པོའི་གདེང་ཚོད་ཡོད་པའི་མཐོ་ཚད་ནས་ལངས་ཏེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་ཆུ་དྭངས་རི་སྔོ་ཡི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་བྱེད་དགོས། དོ་དམ་ཚོད་འཛིན་ནན་མོ་དང་། བྱ་དགའ་སྟེར་བ་དང་ཆད་པ་ནན་མོ་གཅོད་པའི་ཁྲིད་ཕྱོགས་གསལ་པོར་འཛུགས་པ་དང་། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱས་ཏེ། སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་མེ་ལོང་དུ་བྱས་ནས་ཁོར་ཡུག་གཅེས་སྤྲས་བྱེད་མཁན་ལ་བྱ་དགའ་དང་། སྐྱེ་ཁམས་གནོད་འཚེ་གཏོང་མཁན་ལ་ཆད་པ་གཅོད་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས། ནན་གྱིས་ཞིབ་བཤེར་བྱེད་པ་སྟེ། ཕྱོགས་གཅིག་ནས་ཐེངས་འདིའི་གྱོད་འབྲེལ་ཁེ་ལས་ཀྱིས་ཁྲིམས་འགལ་སྔོག་འདོན་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོས་པའི་གནད་དོན་ལ་ཞིབ་བཤེར་དང་། ཕྱོགས་ཅིག་ཤོས་ནས་ལྟ་སྐུལ་དོ་དམ་ལས་ཁུངས་དང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ལས་འགན་མ་ཐེག་པའི་གནད་དོན་ལ་ཞིབ་བཤེར་བྱ་དགོས། བཅོས་སྐྱོང་བྱ་བར་སྤྱིའི་འཆར་འགོད་དང་། བྱེ་བྲག་གི་ཐབས་བཀོད་བཅས་ནས་མགོ་རྩོམ་དགོས་ཤིང་། བསྐྱར་གསོ་བྱ་བར་རི་ཆུ་མཚོ་མཚེའུ་དང་། ཞིང་ས། རྩྭ་ས་བཅས་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཏེ། བསྐྱར་དུ་ཆུ་དྭངས་རི་ལྗང་མངོན་དུ་བཅུག་ནས་མཛེས་སྡུག་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱ་དགོས་པར་བླང་བྱ་བཏོན།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཚན་གཙོ་གཉིས་ཀྱི་འགན་འཁུར་བའི་བཅོས་སྒྲིག་ལས་དོན་མགོ་ཁྲིད་ཚན་ཆུང་བཙུགས་ནས་རྩ་འཛུགས་མགོ་ཁྲིད་དང་། གཅིག་གྱུར་མཐུན་སྦྱོར། ཚན་རིག་དང་མཐུན་པའི་བཅོས་སྐྱོང་། ཁྱོན་ཡོངས་སྐུལ་འདེད་བཅས་ཀྱི་འགན་འཁྲི་བསྒྲུབས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་ལས་ཇེ་སྡུག་ཏུ་གཏོང་མི་རུང་བའི་མཐའ་ཐིག་སྲུང་དགོས་པར་གཏན་འབེབས་མཛད། 
    ཞིང་ཆེན་གྱི་མགོ་ཁྲིད་ཐིན་ཅཱ་ཚའེ་དང་། ལི་ཅེ་ཞང་། ཡུས་ཚུང་ལེ། ལིག་ཐའོ། ཝུན་གོ་ཏུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།