མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཝང་ཀྲིན་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་གཏམ་བཤད་གནང་བ།

ཡོས་བུ།  2020-07-31 11:40:43 

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་རིས་ཚོགས་འདུ་བསྡུས་ཏེ། 《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ཞེས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་བདེ་པུའུ་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། “ཆབ་སྲིད་ཀྱི་ཆ་ནས་ཉེན་རྟོག་པ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཉེན་རྟོག་པ་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུའི”སློབ་གསོ་དག་ཐེར་དང་སྐུལ་སློང་བཀོད་སྒྲིག་ཏན་ཏིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིང་གི་ཐིང་ཀྲང་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད།


ཝང་ཀྲིན་ཧྲིན་གྱིས་སློབ་གསོ་དག་ཐེར་བྱེད་པའི་གལ་ཆེའི་རང་བཞིན་དང་ཕྱི་རོལ་ཡུལ་གྱི་དགོས་ངེས་རང་བཞིན། དོན་དངོས་ཀྱི་དགོས་གཏུག་རང་བཞིན་བཅས་ལ་དབྱེ་ཞིབ་དང་རྒྱས་བཤད་བྱས། ཁོས་བསྟན་དོན། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་ཁ་ཚབས་ཆེན་འགོག་སེལ། རིམས་ནད་འགོག་སྡོམ་བཅས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་སྔར་བཞིན་ཛ་དྲག་ཆེ་ལ། འགན་འཁྲི་དང་ལས་འགན་ཇི་ལྟར་གཟི་བརྗིད་ལྡན་ན་ཉེན་ཁ་དང་ཉམས་སད་དེ་ལྟར་ཆེ་བས། ཏང་ནན་སྐྱོང་དང་ཉེན་རྟོག་པ་སྐྱོང་རྒྱུ་མཐའ་འཁྱོངས་བྱ་དགོས་ཟེར། ཁོས་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་དང་ཁྱོན་ཡོངས། འཐབ་ཇུས་བཅས་ཀྱི་མཐོ་ཚད་ནས། ངོས་འཛིན་མཐོ་རུ་གཏོང་རྒྱུར་ཤུགས་བསྣན་ནས“ཡིག་འབྲུ་བཅུ་དྲུག་གི་སྤྱིའི་བླང་བྱ”དང“སྲ་བརྟན་བཞིའི”ཚད་གཞིར་དམ་པོར་དམིགས་ཏེ། གཟབ་ནན་དང་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཏེ། ནུས་ལྡན་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སློབ་གསོ་དག་ཐེར་ལ་སྐུལ་འདེད་བཏང་སྟེ་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏང་དགོས་ལ། སློབ་གསོའི་དག་ཐེར་སྟོང་བ་མིན་པ་དང་གཡོ་ཟོལ་མེད་པ། ཕྱོགས་རིས་མེད་པ་བཅས་ཀྱི་འགན་ལེན་བྱས་ཏེ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་བདེའི་ལས་དོན་དང་དཔུང་སྡེའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱས་ཏེ། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་སློབ་གསོ་དག་ཐེར་གྱི་ཕན་འབྲས་དངོས་ལ་ཞིབ་བཤེར་བྱ་དགོས་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།