མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་ཁྱབ་བཤེར་དང་ཞོད་འགོག་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་པ།

ཡོས་བུ།  2020-07-30 10:16:50 

སྤྱི་ཟླ7པའི་ཚེས27ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན་གྱིས་ཞིང་ཆེན་ཆུ་བེད་ཐིང་དང་ཞིང་ཆེན་དབུལ་སྐྱོར་ཅུའུ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་བཅས་ཀྱི་མཚོ་སྔོན་ཞིབ་བཤེར་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བློ་མཐུན་ཁྲིད་དེ། མཚོ་ཤར་གྲོང་ཁྱེར་གྱི་ལིག་ཏུའུ་ས་ཁུལ་དང་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་དབུལ་ཐར་མཁྲེགས་གཏོར་ཁྱབ་བཤེར་དང་ཞོད་འགོག་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་པ་རེད།

དབུལ་ཐར་མཁྲེགས་གཏོར་ཁྱབ་བཤེར་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་སྐབས་བསྟན་དོན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་བྱ་བ་མཇུག་བསྡུ་བའི་ལོ་ཡིན་ལ། ཐེངས་འདིའི་ཁྱབ་བཤེར་ནི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ལ་ཞིབ་བཤེར་བྱ་རྒྱུ་དེ་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཤང་སྡེ་དར་སྤེལ་འཐབ་ཇུས་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པར་འབྲེལ་བ་ཡོད། དབུལ་ཐར་མཁྲེགས་གཏོར་ཁྱབ་བཤེར་བྱེད་པའི་དོན་སྙིང་གལ་ཆེན་གསལ་པོར་ཤེས་པར་བྱས་ནས། དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱ་དགོས་ཟེར།

ཞོད་འགོག་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་སྐབས་བསྟན་དོན། ཞོད་འགོག་བྱ་བ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་རྒུད་སྐྱོབ་བྱ་བའི་ཐད་ལ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་པ་དང་མཛུབ་སྟོན་གལ་ཆེན་གནང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཞོད་འགོག་བདེ་འཇགས་བྱ་བར་དམིགས་ཏེ། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ནུས་ཤུགས་གང་ཡོད་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།