མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

རྒྱལ་ཡོངས་ནག་འཇོམས་གཞུང་སྒྲུབ་ཁང་མཚོ་སྔོན་ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་ཐུན་ཏེ་རྫོང་དུ་བསྐྱོད་པ།

ཡོས་བུ།  2020-07-28 15:17:47 

ཟླ7པའི་ཚེས27ཉིན། རྒྱལ་ཡོངས་ནག་འཇོམས་གཞུང་སྒྲུབ་ཁང་མཚོ་སྔོན་ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་ལྟ་སྐུལ་སློབ་སྟོན་བྱེད་པར་བསྐྱོད་ནས། ཡུལ་དངོས་སུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་དང་ལས་རིགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་བྱས།

ཟླ7པའི་ཚེས21ཉིན། རྒྱལ་ཡོངས་ནག་འཇོམས་གཞུང་སྒྲུབ་ཁང་མཚོ་སྔོན་ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་མཚོ་ལྷོ་ཁུལ་གྱི་སྙན་ཞུའི་ཚོགས་འདུ་ལ་ཞུགས་ཤིང་། བསྟུད་མར་ཉིན་འགར་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་ཆེད་མངགས་ལྟ་སྐུལ་སློབ་སྟོན་གྱི་ལས་འགན་གཙོ་བོའི་གསལ་ཐོར་དམིགས་ཏེ་ཁག་གཉིས་སུ་བགོས་ནས་ལས་དོན་བསྒྲུབས།

གཅིག་གྱུར་གྱིས་མི་རེ་ཟུང་ལ་གླེང་མོལ་བྱེད་པའི་རྨང་གཞིའི་སྟེང་ཁག་དང་པོས་གཙོ་གནད་གྱོད་གཞི་ལ་དཔྱད་བཤེར་དང་། ཁུངས་སྣེ་གལ་ཆེན་ཞིབ་བཤེར། “གྱོད་གཞི་གཙང་བཤེར”གྱི་ལས་དོན་བཅས་གཙོ་གནད་དུ་བཟུང་ནས་བྱ་བ་བསྒྲུབས་པ་དང་། ཁག་གཉིས་པས“ལས་རིགས་འབྱུང་ཁུངས་གཙང་བཤེར”གྱི་ལས་དོན་གཙོ་གནད་དུ་བཟུང་སྟེ། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ལས་རིགས་ཁྱབ་ཁོངས་ཀྱི་ནག་ཕྱོགས་དང་འབྲེལ་བའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་སློབ་སྟོན་བྱས་པ་དང་འབྲེལ་གཙོ་གནད་རྫོང་དང་གྲོང་རྡལ་ལ་ལྟ་སྐུལ་སློབ་སྟོན་ཡང་བྱས་པ་རེད། ཐག་རིང་ལུང་ཁུག་གི་གྲོང་གསེབ་དང་འབྲོག་ཁུལ་གྱི་བཅོས་སྒྲིག་གནས་ཚུལ་དང་སྲིད་འཛིན་ཁྲིམས་འཛིན་ཐད་གནས་པའི་ཉམས་ཞན་སྣང་ཚུལ་དང་དེ་བཞིན་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

ནན་ཏན་གྱིས་ལྟ་སྐུལ་སློབ་སྟོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་ཆེད། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་མཚན་མོ་རེར་ཚང་འཛོམས་གྲོས་ཚོགས་འཚོགས་པ་རྒྱུན་འཁྱོངས་བྱས་ནས། ཚན་གཙོ་དང་ཚན་གཙོ་གཞོན་པ། དེ་མིན་ཁོངས་མི་ཚང་མས་ཉིན་དེའི་ལྟ་སྐུལ་སློབ་སྟོན་ལས་དོན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་གནད་དོན་ཕྱོགས་སྡོམ་བྱས་ཤིང་། གྲོས་གཞི་འདོན་པ་དང་ཆབས་ཅིག་ཆེད་བསྐོས་མི་སྣ་དམིགས་བཙུགས་ཀྱིས་ལེགས་སྒྲིག་དང་ཕྱོགས་སྡོམ་བྱས་ནས་ཉིན་དེའི་བྱ་བ་ཉིན་དེར་ལེགས་འགྲུབ་ཐུབ་པར་ཁག་ཐེག་བྱ་དགོས་པའི་གྲོས་གཞི་བཏོན་པ་རེད།

ད་ཐེངས་ཐུན་ཏེ་རྫོང་དུ་ལྟ་སྐུལ་སློབ་སྟོན་གནང་བར་སླེབས་པ་ནི་ཁག་གཉིས་པ་ཡིན་པ་དང་། ཁག་དང་པོས་སྔར་བཞིན་ལས་འགན་གྱི་གསལ་ཐོ་གཞིར་བཟུང་ནས་གཙོ་གནད་གྱོད་གཞིར་ཞིབ་དཔྱད་བྱེད་པའི་ལས་དོན་སྒྲུབ་བཞིན་ཡོད་པ་རེད།


 


རྩོམ་སྒྲིག་པ། 尕藏加