མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས21པ་མགོ་བརྩམས་པ།

ཡོས་བུ།  2020-07-24 09:03:24 



ཟླ7པའི་ཚེས23ཉིན།ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་འཚོང་ངོ་འཕྲད་གྲོས་ཚོགས་ཟི་ལིང་དུ་མགོ་བརྩམས།

ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱིས“སྒོ་འབྱེད་མཉམ་འབྲེལ།ལྗང་མདོག་འཕེལ་རྒྱས”ཞེས་པའི་བརྗོད་དོན་གཙོ་བོར་དམ་དུ་སྦྲེལ་ཏེ།བྱ་འགུལ་སྒྲིག་བཀོད་དང་འགྲེམ་སྟོན་ནང་དོན་སྟེང་དུ།མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་སྔོན་སྐྱོད།“དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན།དཔལ་འབྱོར་སྣང་ཚུལ་རིགས་བཞི།ནུས་ཁུངས་རིགས་སྒྱུར་རིམ་འཕེལ།ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བཅས་འབུར་ཐོན་བྱས་ནས།སྔར་ལས་ལྷག་པའི་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགྲེམ་སྟོན་གང་ལེགས་བྱས་ཤིང་།ནུས་ཤུགས་ཡོད་རྒུས་ལྗང་མདོག་འཕེལ་རྒྱས་དང་གསར་གཏོད་སྣེ་ཁྲིད།སྒོ་འབྱེད་མཉམ་འབྲེལ།མི་ཆོས་བརྗེ་རེས།མཉམ་སྐྲུན་མཉམ་སྤྱོད་ཀྱི་དཔལ་འབྱོར་ཉོ་འཚོང་བརྗེ་རེས་སྟེགས་བུ་གསར་པ་ཞིག་བསྐྲུན་པ་རེད།

ཚོང་གཏམ་གྲོས་ཚོགས་ཀྱི་ཚོགས་ར་གཙོ་བོ་ཟི་ལིང་གྲོང་ཁྱེར་དུ་བཙུགས་ཡོད་ཅིང་།ཡན་ལག་ཚོགས་ར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་བཙུགས་ཡོད།བརྗོད་དོན་གཙོ་བོའི་གྲོང་ཁྱེར་ནི་མཚོ་ཤར་གྲོང་ཁྱེར་ཡིན།ཚོགས་ར་གཙོ་བོ་རུ་སྤྱི་བསྡོམས་པས་བརྗོད་བྱ་རིགས་ཆེན་པོ6དང་དོན་ཚན22ཀྱི་བྱ་འགུལ་བཀོད་སྒྲིག་བྱས་ཡོད།མགོ་རྩོམ་མཛད་སྒོ་དང་གཙོ་དོན་གླེང་སྟེགས།མཚོ་སྐོར་གློག་སྒུལ་འཕྲུལ་འཁོར་འགྲན་སྡུར་སྐབས7པའི་མགོ་རྩོམ་མཛད་སྒོ་སོགས་མགོ་རྩོམ་མཛད་སྒོའི་བྱ་འགུལ་རིགས4དང་།མཚོ་སྔོན“གློག་ལྗང”དང་བརྗོད་དོན་གཙོ་བོའི་བྱ་འགུལ་རབས་དང་རིམ་པ་སོགས་ཆེད་དོན་བྱ་འགུལ4།གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ།རབ་མཛེས་མཚོ་སྔོན་ཚོང་གཉེར་ཁོར་ཡུག་མཚམས་སྦྱོར་ཚོགས་འདུ་སོགས་མ་འཇོག་སྐུལ་འདེད་བྱ་འགུལ་རིགས6།མཚོ་སྔོན་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས།ཀྲུང་གོ(མཚོ་སྔོན)ལིས་ཐོན་ལས་དང་སྒུལ་ཤུགས་གློག་སྨན་མཐོ་རིམ་གླེང་སྟེགས་སོགས་གླེང་སྟེགས་བྱ་འགུལ་རིགས8བཅས་བཀོད་སྒྲིག་བྱས་ཡོད།






རྩོམ་སྒྲིག་པ། སྐལ་བཟང་རྒྱལ།