མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

རྒྱལ་ཡོངས་ནག་འཇོམས་གཞུང་སྒྲུབ་ཁང་མཚོ་སྔོན་ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་མཚོ་ལྷོ་ཁུལ་དུ་བཅའ་སྡོད་བྱས་པ།

ཡོས་བུ།  2020-07-22 17:49:39 

ཟླ7པའི་ཚེས21ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་མཚོ་སྔོན་སྔོན་ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཅའ་སྡོད་བྱས་ཏེ་ལྟ་སྐུལ་སློབ་སྟོན་བྱེད་པའི་སྙན་ཞུའི་ཚོགས་འདུ་བསྡུས་ཤིང་། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་མཚོ་ལྷོ་ཁུལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་མགོ་ཁྲིད་ཚན་ཆུང་གིས་ཁུལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་གི་བྱ་བའི་སྤྱིའི་གནས་ཚུལ་གྱི་སྙན་ཞུང་ཉན་པ་རེད།

སྙན་ཞུའི་ཚོགས་འདུའི་སྟེང་དུ། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་བསྟན་དོན། གཟབ་ནན་གྱིས་རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གི་བཀོད་སྒྲིག་དང་རེ་བ་ལྟར་དུ། འགན་འཁྲིའི་འདུ་ཤེས་དང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ནན་ཏན་གྱིས་རང་འགན་ཕྲག་ཏུ་འཁུར་ཞིང་། གཏིང་ཟབ་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། གནད་དོན་ཤེས་པ་དང་གནས་ཚུལ་ངོ་མ་ཁོང་དུ་ཆུད་པར་བྱ་དགོས་ལ། གནད་དོན་ཐག་གཅོད་པར་ལྟ་སྐུལ་སློབ་སྟོན་བྱེད་པའི་ཐད་དུ་ཤེད་ཤུགས་འདོན་པ་དང་གྲུབ་འབྲས་མངོན་དུ་འཇུག་དགོས། མཚོ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ། དུས་ཐོག་ཏུ་ནུས་པ་མཐོན་པོའི་ངང་ནས་འབྲེལ་འདྲིས་ལེགས་པོར་བསྒྲུབ་པ་དང་། དོན་དངོས་ཀྱིས་ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་བྱ་བར་ཟུང་འབྲེལ་དང་རྒྱབ་སྐྱོར་བྱ་དགོས། ལྟ་སྐུལ་དོ་དམ་ཚན་ཆུང་དང་སེམས་ཤུགས་གཅིག་སྒྲིག་བྱས་ཏེ། མཉམ་གཅིག་ཏུ་རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གིས་སྤྲད་པའི་ཆེད་དོན་འཐབ་འཛིང་ལྟ་སྐུལ་སློབ་སྟོན་གྱི་འགན་འཁྲི་ལེགས་པར་འགྲུབ་དགོས།

སྙན་ཞུའི་ཚོགས་འདུ་གྲོལ་རྗེས། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་ཉིན་དེར་ཁག་གཉིས་སུ་བགོས་ཏེ་མི་སྒེར་ལ་ཁ་བརྡ་བྱས་ཤིང་། གཙོ་བོ་ལྟ་སྐུལ་སློབ་སྟོན་བྱ་ཡུལ་གྱི་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ནག་འཇོམས་ངན་སེལ་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང“གཙང་བཤེར་དྲུག”གི་འགུལ་སྐྱོད་གནས་ཚུལ་ལ་རྒྱུས་ལོན་བྱས།

བཀོད་སྒྲིག་ལྟར་དུ། ལྟ་སྐུལ་སློབ་སྟོན་ཚན་ཆུང་ཁག་གཉིས་སུ་བགོས་ཏེ་བྱ་བ་སྤེལ་མགོ་བརྩམས། ཁག་གཅིག་གིས་གཙོ་གནད་གྱོད་དོན་ལ་དཔྱད་བཤེར་དང་ཁུངས་སྣེ་གལ་ཆེན་ལ་ཞིབ་དཔྱད། འབྲེལ་ཡོད་རྒྱུ་ཆར་ལྟ་ཞིབ་བཅས་བྱས་ཤིང་། ཁག་གཞན་དེ་མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་སུ་ཟབ་ཞུགས་བྱས་ཏེ། ལས་རིགས་མངའ་ཁོངས་ཀྱི་ནག་ཕྱོགས་ལ་འབྲེལ་བའི་འབུར་ཐོན་གནད་དོན་དག་ཐེར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་སློབ་སྟོན་བྱས་པ་དང་། འབྲེལ་ཡོད་རྒྱུ་ཆར་ལྟ་ཞིབ་བྱས་ཤིང་། དུས་མཚུངས་སུ་རྫོང་གཅིག་བདམས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་སྤེལ་བའི་གནས་ཚུལ་དང་ལས་རིགས་མངའ་ཁོངས་ཀྱི་འབུར་ཐོན་གནད་དོན་དག་ཐེར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བཅའ་སྡོད་ལྟ་སྐུལ་སློབ་སྟོན་གྱི་འགན་འཁྲི་བདེ་བླག་ངང་ལེགས་འགྲུབ་འབྱུང་ཆེད། ཟླ7པའི་ཚེས15ནས17བར་དུ། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་ལྟ་སྐུལ་སློབ་སྟོན་གྱི་གསབ་སྦྱོང་བྱས་ཤིང་། གཅིག་གྱུར་གྱིས་རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། ལྟ་སྐུལ་སློབ་སྟོན་གྱི་བྱ་བའི་ཇུས་གཞི་དང་བཅའ་སྡོད་ལྟ་སྐུལ་སློབ་སྟོན་ཇུས་གཞི། ཉིན་རེའི་བྱ་བའི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ཤིང་། ལས་བགོས་དང་འགན་འཁྲིའང་ཡང་དག་བྱས་པར་མ་ཟད། ལྟ་སྐུལ་སློབ་སྟོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ནག་འཇོམས་གཞུང་ལས་ཁང་གི་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་གི་གནས་ཚུལ་གྱི་སྤྱིའི་སྙན་ཞུར་ཉན་ཞིང་། “གཙང་བཤེར་དྲུག”གི་འགུལ་སྐྱོད་ཀྱི་གནད་དོན་རྩིས་ཁྲར་བཞུགས་མོལ་བྱས།

རྒྱུས་བླངས་པ་ལྟར་ན། ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་ནི་རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གིས་གཅིག་གྱུར་གྱིས་རྩ་འཛུགས་བྱས་ཤིང་། རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གི་ཐད་ཀར་མགོ་ཁྲིད་དང་ལེན་བྱས་ཡོད། རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གིས་ཐད་ཀར་དུ་སྤྲད་པའི་བྱ་བའི་འགན་འཁྲི་ལེགས་འགྲུབ་བྱེད་དགོས་པར་མ་ཟད། རྒྱལ་ཡོངས་ནགའཇོམས་གཞུང་ལས་ཁང་ལ་འགན་འཁུར་དགོས། ཐེངས་འདིའི་ཆེད་མངགས་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་གཙོ་བོ་ཞིང་ཆེན(ཆུས་དང་གྲོང་ཁྱེར)གྱི་གཙོ་གནད་གྲོང་ཁྱེར་གྱི་མངའ་ཁོངས་སུ་ལྟ་སྐུལ་སློབ་སྟོན་བྱ་བ་སྤེལ་རྒྱུ་ཡིན་པ་དང་། “གཙང་བཤེར་དྲུག”འགུལ་སྐྱོད་ཁྲོད་ཀྱི་མི་འདང་ས་དམིགས་འབེན་དུ་བཟུང་སྟེ། རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་ངམ་ཞིང་ཆེན་ནག་འཇོམས་གཞུང་ལས་ཁང་གིས་སྒྲུབ་བཞིན་པའི་གྱོད་དོན་གཙོ་བོར་བཟུང་སྟེ། གཙོ་གནད་ལྟ་སྐུལ་སློབ་སྟོན་བྱེད་པ་དང་། ལྟ་སྐུལ་སློབ་སྟོན་གནད་དུ་འཁེལ་བ་དང་དོན་དངོས་ཡིན་པ། ཟིལ་ཤུགས་མངོན་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས། དུས་མཚུངས་སུ། ཆེད་དོན་དག་ཐེར་གནས་ཚུལ་ལ་ལྟ་སྐུལ་སློབ་སྟོན་བྱས་ཏེ། ཡུན་ཕན་ལམ་ལུགས་འཛུགས་སྐྲུན་བྱ་བར་བརྟག་དཔྱད་བྱས་ནས། ཅི་ཞིག་འཛུགས་སྐྲུན་བྱེད་པ་དང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་ཐད་དུ་བསམ་འཆར་དང་གྲོས་གཞི་བཏོན། 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།