ཉེ་སྔོན། གསར་འགོད་པར་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས9པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ4པར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཡིས་ནག་འཇོམས་ངན་སེལ་ཀྱི་ལག་ལེན་བཀོད་སྒྲིག་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས8པ་དང་རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས9པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ ནག་འཇོམས་ངན་སེལ་གྱི“གཙང་དྲུག”ལག་ལེན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་གཅིག་གྱུར་བཀོད་སྒྲིག་ལྟར། དམིགས་འབེན་ལ་དམ་པོར་དམིགས་པ། གཙོ་གནད་འབུར་ཐོན། རྒྱུན་མཐུད་ཤུགས་འདོན་བཅས་བྱས། ནུས་ཤུགས་ཡོད་རྒུས“གཙང་སེལ”ལག་ལེན་གྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་བཏང་སྟེ། རེས་སྐོར་གསར་པའི་ཕར་རྒོལ་ཤུགས་ཆེན་བྱ་དགོས། ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས། ད་ཆའི་བར། ཞིང་ཆེན་ཡོངས་ཀྱིས་ནག་ཚོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ཚོགས་པ123མྱུལ་ཞིབ་བྱས་ནས་ཉེས་དོན་གྱོད་གཞི1263རྩད་ཆོད་པ། གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་སྒོར་དུང་ཕྱུར5.39ལ་སྒོ་ཐེལ་བརྒྱབ་པ་རེད། གཞུང་གཏུག་གྲངས་ཀ144དང་མི1034ཡོད་པ་དང་། འདྲི་གཅོད་དང་པོའི་བཅད་ཁྲ98དང་མི655ཡོད།
རང་ཞིང་གིས་བཅོས་སྐྱོང་མཉམ་སྤེལ་རྒྱུན་འཁྱོངས་བྱས་ཏེ། “ལས་རིགས་ཀྱི་འབྱུང་ཁུངས་གཙང་བཤེར”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཁྲིམས་ལྟར་ཉེས་ཆད་དྲག་པོ་གཅོད་པ་དང་རྩ་ལག་མཉམ་བཅོས་ཀྱི་སྤྱིའི་བླང་བྱ་ལྟར། སྤྱི་ཚོགས་ཀྱི་བདེ་འཇགས་དང་། གྲོང་གསེབ་བཅོས་སྐྱོང་། དངུལ་རྩ་བུན་གཏོང་། ལས་གྲྭ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་རའི་འཁོར་རྒྱུག རང་བྱུང་ཁོར་ཡུག་སྲུང་སྐྱོང་། ཆ་འཕྲིན་དྲ་རྒྱ། རིག་གནས་ཡུལ་སྐོར། སློབ་གསོ་འཕྲོད་བསྟེན། དགོན་སྡེ་དོ་དམ་སོགས་ལས་རིགས་ཆེན་པོ11གི་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་གཙོ་གནད་དུ་བཟུང་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ནག་ཚོགས་ཀྱི་ངན་སྟོབས་གཅུན་ཏེ་སྤྱི་ཚོགས་ཀྱི་སྐྱེ་ཁམས་སྤུས་གཙང་དུ་སོང་ཡོད། “གྱོད་དོན་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ”དང་། “གྱོད་གཞི་གཅིག་ལ་བཅོས་སྒྲིག་གཅིག”གི་བླང་བྱ་ལྟར། སྲིད་ཁྲིམས་སྡེ་ཚན་དང་ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། གྱོད་དོན་ཕྱིར་མངོན་པའི་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྐྱོན་ཆ་ཡོད། ཚད་ལྡན་ཡང་དག་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་ལས་ཀའི་གྲོས་མགོ་བཏོན་ཡོད། ལས་རིགས་སྡེ་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་། ལྟ་སྐུལ་དོ་དམ་ཚད་ལྡན་དུ་བཏང་བ། ཟགས་ཁུང་འགོག་པ་བཅས་བྱས་ཏེ། གྱོད་གཞི་གཅིག་སྒྲུབ་པ་དང་། ཕྱོགས་གཅིག་ལ་ཉེན་བརྡ་གཏོང་བ། ཕྱོགས་གཅིག་ལ་གཙང་འགྱུར་བྱེད་པ་བཅས་ཀྱི་ཕན་འབྲས་ཐོན་ཡོད། གཅིག་སྡུད་ཐོག་སྤྱི་ཚོགས་ཀྱི་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག་ལས་དོན་སྤེལ་བ་བརྒྱུད། སྤྱི་ཚོགས་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་དང་མང་ཚོགས་ལ་བློ་བདེ་བག་ཕེབས་ཡིད་ཚིམ་བཅས་བྱུང་ཡོད་པ་རེད།