ཟླ7པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིང་གི་ཐིང་ཀྲང་ཝང་ཀྲིན་ཧྲིན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ལྟ་སྐུལ་དོ་དམ་ཡན་ལག་རུ་ཁག་ལ་སོང་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན། ལྟ་སྐུལ་དོ་དམ་ཁང་གི་བདེ་འཇགས་དོ་དམ་བྱ་བར་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།
ཝང་ཀྲིན་ཧྲིན་གྱིས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལེགས་བསྡུས་ཅན་གྱི་མཉམ་བསྲེས་དང་རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ། ཆེད་ལས་ཅན་གྱི་སྨན་བཅོས། ལེགས་ཞིབ་ཅན་གྱི་ཞབས་ཕྱི། ཚད་ལྡན་ཅན་གྱི་དོ་དམ། ལངས་གཟུགས་ཅན་གྱི་འགན་སྲུང་བཅས་ཀྱི་ལྟ་སྐུལ་དོ་དམ་ཁང་གི་དོ་དམ་བྱ་བའི་མ་དཔེ་གསར་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྤྱི་བདེ་ལྟ་སྐུལ་དོ་དམ་ཁང་གི་དོ་དམ་བྱ་བའི་སྤེལ་ཡུལ་དམིགས་བསལ་ཡིན་པ་དང་ལས་འགན་ཧ་ཅང་ལྕི་བས། ངེས་པར་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། ཉེན་ཁའི་འདུ་ཤེས་བཅས་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་ཐད་ཧ་ཅང་མཐོང་ཆེན་བྱེད་པ། ཆུ་མ་ཡོང་གོང་དུ་རགས་བརྒྱབ་ནས། ལྟ་སྐུལ་དོ་དམ་ཁང་གི་རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པ་དང་བདེ་འཇགས་དོ་དམ་དོན་རྐྱེན་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱ་དགོས་ཟེར།
ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་ཁང་གི་རིམས་འགོག་ཚད་གཞི་སྤྱི་ཚོགས་ཐད་ཀྱི་ཚད་གཞི་ལས་མཐོ་བའི་རེ་བ་ལྟར། ཡུན་རིང་དང་ཚན་རིག་གི་འཕེལ་རྒྱས་ལ་དམིགས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་དོ་དམ་བྱ་བར་དམ་འཛིན་བྱ་དགོས་ཟེར།